རང་ཞིང་གིས་ཁྱོན་ཡོངས་ནས་ཞོགས་ཁྲོམ་གྱི་ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞོགས་ཁྲོམ་དེ་བཟའ་བྱའི་ཞིང་ལས་ཐོན་རྫས་དང་ཟས་རིགས་ཤར་གཏོང་གི་གནས་གལ་ཆེན་ཡིན་པའི་ཆ་ནས་བཤད་ན། དེ་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་འཛད་སྤྱོད་དང་འབྲེལ་བ་དམ་ཟབ་ཡོད། 2017 ལོ་ནས་བཟུང་ཞིང་ཆེན་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞོགས་ཁྲོམ་ཟས་རིགས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་ཆེན་པོ་བརྒྱབ་ནས་ནུས་ལྡན་སྒོས་ཟས་རིགས་ལ་གནོད་པའི་རྐྱེན་ངན་སེལ་ནས་མང་ཚོགས་ཀྱི་ལྕེ་ཐོག་གི་བདེ་འཇགས་འགན་སྲུང་བྱས་ཡོད།

ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས《 མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟས་རིགས་ཐོན་སྐྱེད་ལས་སྣོན་ཁང་ཆུང་གྲས་དང་ཟས་རིགས་ཁྲོམ་ཚོང་པ་དོ་དམ་བྱེད་ཐབས》 ཁྲོད། ཞོགས་ཁྲོམ་ཚུད་པའི་ཟས་རིགས་ཁྲོམ་ཚོང་པ་ཐོ་འགོད་ཀྱི་ཁྱབ་ཁོངས་དང་། ཆ་རྐྱེན་དང་གོ་རིམ་བཅས་ལ་སྔར་བས་ཞིབ་ཚགས་དང་འཐུས་སྒོ་ཇེ་ཚང་དུ་བཏང་པ་མ་ཟད།ད་དུང 2017 ལོའི་ལོ་སྟོད་ནས་བཟུང་ས་གནས་སོ་སོའི་ལྟ་སྐུལ་དོ་དམ་སྡེ་ཁག་སྒྲིག་འཛུགས་བྱས་ནས་ཞོགས་ཁྲོམ་གྱི་ཟས་རིགས་ཚོང་པར་གཙང་བཤེར་བྱས།

2017 ལོའི་ནང་ཚུན་དང་། ཟས་རིགས་འཚོ་མཁན་གྱི་ཐོ་འགོད་བྱང་བུ་བསྡོམས་པས2931ལ་བྱིན་པ་དང་། ཞིང་ཆེན་ཡོངས་ཀྱི་ ཞོགས་ཁྲོམ12 ཡི་ཟས་རིགས་ཚོང་པའི་ལག་ཁྱེར་སྤྲོད་ཚད100% ཟིན་ཡོད་པ་རེད། ཞོགས་པའི་ཁྲོམ་ར་གཉེར་མཁན་དང་། འགན་འཁུར་བ་དང་ཟས་རིགས་བདེ་འཇགས་ཆེད་གཉེར་དོ་དམ་པ12ལ་རྩ་འཛུགས་བྱས་ཏེ། འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས་ཞོགས་པའི་ཚོང་ར་འཛུགས་གཉེར་བྱེད་མཁན་གྱི་ཟས་རིགས་བདེ་འཇགས་ཀྱི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་ལས་ཆེ་རུ་ཕྱིན།

ཞོགས་ཁྲོམ་གྱི་མངོན་གསལ་དོད་སར་བཀལ་པའི་ཟས་རིགས་བདེ་འཇགས་ཆ་འཕྲིན་སྤྱི་བསྒྲགས་བྱང་བུས་འཛད་སྤྱོད་པར་ཞོགས་ཁྲོམ་གྱི་ཁྲོད་ཞུགས་ནས་ཚོང་གཉེར་བྱེད་མཁན་གྱི་ཟས་རིགས་ཁྲོམ་འཚོང་པའི་ཐོ་འགོད་བྱང་བུ་དང་། ལས་ཞུགས་པའི་བདེ་ཐང་དཔང་ཡིག ཟས་རིགས་ཞིབ་བཤེར་ཚད་ལེན་གྱི་སྙན་ཞུ་དང་ཐོན་ཡུལ་གྱི་ཚད་ལོན་ལག་ཁྱེར་ངོ་སྤྲོད་སོགས་ཀྱི་ཆ་འཕྲིན་ཡོད་བསྒྲགས་བྱས་ཏེ། ཚོང་པས་རང་རྟོགས་ཀྱིས་སྤྱི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་འཛད་སྤྱོད་པར་གོ་ཤེས་ཡོད་པའི་སྒོ་ན་འཛད་སྤྱོད་བྱེད་དུ་བཅུག

ལོ་ཙཱ་བ། གཡང་སྐྱིད།