སྐྱེས་པ་ཞིག་གིས་སྲང་ལམ་ནས་བུད་མེད་ཅིག་གི་རྒྱབ་ཁུག་བཙན་འཕྲོག་བྱས་ནས་འཛིན་བཟུང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས3ཉིན། མཁར་ནུབ་ཁུལ་སྤྱི་བདེ་ཅུའུ་ཡི་ཡན་ལག་རྨ་ཆུའི་ལམ་གྱི་མངགས་གཏོང་ཁང་གིས་འཕྲོག་བཅོམ་གྱི་གྱོད་དོན་ཞིག་རྩད་ཆོད་བྱུང་སྟེ།  གཞན་གྱི་རྒྱུ་ནོར་འཕྲོག་པའི་དོགས་ཡོད་ཉེས་ཅན1འཛིན་བཟུང་བྱས།

ཟླ1པའི་ཚེས2ཉིན་གྱི་དུས་ཚོད22སྟེང་། གྲོང་མི་བུད་མེད་ཝང་རྒྱ་ལམ་གྱི་ཟམ་པ་བརྒྱུད་ནས་འགྲོ་སྐབས། ཁ་གཏད་ནས་ངོ་མི་ཤེས་པའི་སྐྱེས་པ་ཞིག་ཡོང་ནས་རྗེས་སུ་བུད་མ་ཐག་བུད་མེད་ཝང་གི་རྒྱབ་ཁུག་གཅིག་འཐེན་ནས་བླངས་ཏེ་ཡུལ་དངོས་ནས་བྲོས་བྱོལ་བྱས་སོང་། དེའི་རྗེས།བུད་མེད་ཝང་གིས་དེ་མ་ཐག་རྨ་ཆུའི་ལམ་གྱི་མངགས་གཏོངས་ཁང་ལ་གྱོད་དོན་སྙན་སེང་ཞུས། གྱོད་དོན་སྙན་ཞུ་འབྱོར་རྗེས། མི་དམངས་ཉེན་རྟོགས་པ་ཡིས་དེ་མ་ཐག་གྱོད་དོན་འདི་དུས་ཚོད14ཡི་འདྲི་རྟོག་བརྒྱུད། ཟླ1ཚེས3ཉིན་གྱི་དུས་ཚོད13སྟེང་། མི་དམངས་ཉེན་རྟོགས་པ་ཡིས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཉེ་འགྲམ་དུ་དོགས་ཡོད་ཉེས་ཅན་སང་ག་གེ་མོ་འཛིན་བཟུང་བྱས་པ་རེད།

འདྲི་ཞིབ་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་སང་ག་གེ་མོ་ཡིས་གཞན་གྱི་རྒྱུ་ནོར་བཙན་འཕྲོག་བྱས་པའི་དོན་དངོས་ཡོད་ཚད་ཁས་བླངས་ཏེ་རྐུས་དངོས་རྩིས་སྤྲོད་བྱས་པ་ལྟར་ན། བཙན་འཕྲོག་བྱས་པའི་ཁ་པར་བཙོངས་ཟིན་པ་མ་ཟད། བུད་མེད་ཝང་གི་ཁ་པར་དངུལ་ཁུག་ནང་དུ་ཡོད་པའི་སྒོར6000ལྷག་གང་འདོད་དུ་བཀོལ་ཚར་འདུག མིག་སྔར། དོགས་ཡོད་ཉེས་ཅན་སང་ག་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བཀག་གཉེར་བྱས་འདུག

ལོ་ཙཱ་བ།རྟ་མགྲིན་དཔལ།