མཚོ་སྔོན་ཞིང་ཆེན་གཟུགས་མེད་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་ཐབས་དེ་ལག་བསྟར་བྱ་གྲབས་ཡོད་པ།

མཚོ་སྔོན་ཞིང་ཆེན་གཟུགས་མེད་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་ཐབས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀའ

ཨང་༡༡༩བ།

མཚོ་སྔོན་ཞིང་ཆེན་གྱི་གཟུགས་མེད་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་ཐབས་དེ་༢༠༡༧ལོའི་ཟླ༡༢པའི་ཚེས༥ཉིན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས༨༦པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ད་ནི་༢༠༡༨ལོའི་ཟླ༢་པའི་ཚེས༡ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་ཡིན།

                                                                                                                                                                                                            ཞེས་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ཝང་ཅིན་ཅུན་ནས།

                                                                                                    ༢༠༡༧ལོའི་ཟླ༡༢པའི་ཚེས༡༤ཉིན་ལ།  

འདིར་བྱེད་ཐབས་འདིའི་ནང་དོན་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ན།

མཚོ་སྔོན་ཞིང་ཆེན་གྱི་གཟུགས་མེད་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་ཐབས་དེ་ལ། སྡོམ་པའི་ཁག་བདུན་དང་དོན་ཚན་༥༤ཡོད་ཅིང་། ཁག་བདུན་པོ་ནི་རིམ་པ་བཞིན་དྲངས་ན་སྤྱིའི་རྩ་དོན་དང་། གཟུགས་མེད་ཤུལ་བཞག་རིག་གནས་རྩད་ཞིབ། གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་ཀྱི་མིང་ཐོ།གཟུགས་མེད་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་དར་སྤེལ།གཟུགས་མེད་ཤུལ་བཞག་རིག་གནས་བེད་སྤྱོད་དང་དར་སྤེལ།ཁྲིམས་ལུགས་ཀྱི་འགན་འཁྲི།ཞར་བྱུང་བཅས་ཡིན་ལ། བྱེད་ཐབས་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཟུགས་མེད་ཤུལ་བཞག་རིག་གནས་རྒྱུ་ནོར་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་། རང་ཞིང་གི་གནས་ཚུལ་དངོས་ལ་གཞིགས་ནས་གཏན་ལ་ཕབ་པའི་བྱེད་ཐབས་ཤིག་རེད།  རང་ཞིང་གི་སྲིད་འཛིན་མངའ་ཁོངས་སུ་གཟུགས་མེད་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་། ཉར་ཚགས། དོ་དམ་ལ་སོགས་པའི་ལས་ཀའི་ཁྲོད་བྱེད་ཐབས་འདི་སྤྱོད་ཆོག དེ་ཡང་ བྱེད་ཐབས་ནང་བསྟན་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཟེར་བ་ནི་མི་རིགས་ཁག་གི་མི་དམངས་ཀྱིས་མི་རབས་ནས་མི་རབས་སུ་རྒྱུད་ཅིང་། གཟུགས་མེད་རིག་གནས་ཤུལ་བཞག་གི་གྲུབ་ཆར་གྱུར་བའི་སྲོལ་རྒྱུན་རིག་གནས་ཀྱི་མཚོན་སྟངས་དང་། སྲོལ་རྒྱུན་རིག་གནས་ཀྱི་མཚོན་བྱེད་དུ་གྱུར་བའི་འབྲེལ་ཡོད་དངོས་པོ་དང་ཡུལ་གནས་ལ་གོ་བ་རེད། ཞིབ་རྒྱསhttp://xxgk.qh.gov.cn/html/1663/302762.htmlལ་གཟིགས་རོགས། 

ལོ་ཙཱ་བ། ཁོན་ཐར་འཚོ།