ཞི་ཅིན་ཕིང་གིས་དབུས་རྒྱུད་འཐབ་ཁུལ་སྐམ་དམག་གི་ཁྲི་ཤོག་ག་གེ་མོ་ཞིག་ལ་གཟིགས་ཞིབ་གནང་བ།

ཟླ་དང་པོའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུས་རྒྱུད་འཐབ་ཁུལ་སྐམ་དམག་གི་ཁྲི་ཤོག་ག་གེ་མོ་ཞིག་ལ་གཟིགས་ཞིབ་གནང་།


 

ཟླ་དང་པོའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུས་རྒྱུད་འཐབ་ཁུལ་སྐམ་དམག་གི་ཁྲི་ཤོག་ག་གེ་མོ་ཞིག་ལ་གཟིགས་ཞིབ་གནང་།

ཟླ་དང་པོའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུས་རྒྱུད་འཐབ་ཁུལ་སྐམ་དམག་གི་ཁྲི་ཤོག་ག་གེ་མོ་ཞིག་ལ་གཟིགས་ཞིབ་གནང་སྐབས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་དུས་རབས་གསར་པའི་ཏང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ལག་བསྟར་བྱས་ཏེ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་དམ་འཛིན་བྱེད་པ་དང་། གཞི་གྲངས་ཅན་གྱི་དམག་དཔུང་འཛུགས་སྐྲུན་དོ་དམ་དང་དམག་འཐབ་བཀོལ་སྤྱོད་གསར་སྐྲུན་ལག་བསྟར་གཏིང་ཟབ་བྱས་ནས། དམག་འཐབ་གྲ་སྒྲིག་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་པ་ནན་གྱིས་བསྟན། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག དམངས་དམག་གྲ་སྒྲིག་མི་སྣ་བཅས་ལ་ལོ་སར་གྱི་སྨོན་འདུན་ཞུས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་། ཞི་ཅིན་ཕིང་དབུས་རྒྱུད་འཐབ་ཁུལ་སྐམ་དམག་གི་ཁྲི་ཤོག་ག་གེ་མོ་ཞིག་ལ་ཕེབས་ཏེ་དམག་དཔུང་གི་མཚོན་ཆ་དང་སྒྲིག་ཆས་ལ་གཟིགས་ཞིབ་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཚན་རྩལ་གསར་སྐྲུན་བྱ་བ་དམ་འཛིན་བྱས་ཏེ། དམག་དཔུང་གི་ཚན་རྩལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཚན་རྩལ་ཁྱད་སྟོབས་དེ་ནུས་པའི་ཁྱད་སྟོབས་དང་དམག་འཐབ་ཁྱད་སྟོབས་སུ་བསྒྱུར་དགོས་ཟེར།

ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་ཞི་ཅིན་ཕིང་ཚོད་ལྟའི་སྦྱོང་བརྡར་ལྟེ་གནས་སུ་ཕེབས་ཏེ་ཁྲི་ཤོག་ལས་ཁུངས་ཀྱི་ལས་བྱེད་པ་དང་དེའི་ཁོངས་གཏོགས་དམག་དཔུང་གི་མདའ་ཤོག་ཡན་གྱི་ལས་བྱེད་པར་ཐུག་འཕྲད་བྱས་པར་མ་ཟད་ཁྲི་ཤོག་ལོ་རྒྱུས་ཁང་ལ་གཟིགས་ཞིབ་གནང་། དེར་མཐུད་ནས་ཞི་ཅིན་ཕིང་གིས་ཁྲི་ཤོག་ག་གེ་མོའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། རིམ་པ་སོ་སོའི་དམག་དཔུང་གིས་གཞི་གྲངས་ཅན་དམག་དཔུང་གི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་དགོས་པ་དང་། བྱང་ཚད་མཐོ་ཞིང་རྣམ་པ་གསར་བའི་དམག་དོན་ཤེས་ལྡན་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱེད་དགོས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དཔོན་དམག་ལ་དོན་དངོས་བསྒྲུབ་དགོས་པ་དང་དཀའ་ཁག་སེལ་རོགས་བྱེད་དགོས་ལ། རྦད་ཆོད་སྒོས་གཞི་རིམ་དཔོན་དམག་ཁྲོད་དུ་གནས་པའི་མི་ལེགས་པའི་སྤྱོད་ཚུལ་ཡོ་བསྲང་བྱས་ཏེ། རྒྱ་ཆེའི་དཔོན་དམག་རྣམས་ཀྱི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་མཉམ་དུ་དམག་དཔུང་སྔར་ལས་འཛུགས་སྐྲུན་བཟང་བོ་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡུག་ཞ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིས་ཙོ་ཁྲིན་སོགས་བྱ་འགུལ་ལ་ཞུགས།