སྟོང་སྐོར་རྫོང་གིས་དྲ་སྦྲེལ་དང་རྒན་གསོ་མཉམ་འབྲེལ་གྱི་རྫོང་དང་པོ་བསྐྲུན་པ།

 

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྒན་གསོ་སྡེ་ཁག་གི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་སྐུལ་འདེད་གཏོང་ཆེད། སྟོང་སྐོར་རྫོང་མཐོ་སྒང་རྒན་གསོ་ཁང་གིས་མ་དངུལ་ཁྲི4བཏང་སྟེ་རིག་ནུས་ཅན་གྱི་རྒན་གསོ་འཕྲུལ་མི་ནང་འདྲེན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྒན་གསོ་ཞབས་ཞུར་འཕྲུལ་མིས་ཚབ་བྱས་པའི་དྲ་སྤྲེལ་དང་རྒན་གསོ་མཉམ་འབྲེལ་གྱི་རྫོང་དང་པོ་བཏོད།

རྒྱུས་ལོན་བྱུང་བ་ལྟར་ན ། རིག་ནུས་ཅན་གྱི་རྒན་གསོ་འཕྲུལ་མི་དེ་ཞབས་ཞུའི་བྱེད་ནུས་སྒྲིག་འཛུགས་ཐད་གཞིས་སྡོད་རྒན་གསོའི་དགོས་མཁོ་དང་ཧ་ཅང་འཚམ་ལ། SOS རྒྱང་རིང་རིག་ནུས་གྱི་སྐད་བརྡ་གཏོང་བ་དང་།རིག་ནུས་ལྟ་རྟོག གཉེན་ཉེའི་བརྩེ་དུང་མཉམ་འགུལ་དང་། མཁའ་དབུགས་དག་སེལ།  སྟོབས་དང་ལྡན་པའི་རང་རྟོགས་སྒོ་ནས་སློབ་སྦྱོང་བྱེད་པ་བཅས་ཀྱི་ནུས་པ་ཡོད་པ་མ་ཟད་ད་དུང་འགྲོ་འོང་ལ་རང་དབང་ཡོད་པ་དང་། ཞབས་ཞུའི་བྱེད་སྟངས་ཐོག་ནས་གསར་གཏོད་ཅུང་ཆེན་པོའི་བྱུང་ཡོད།  དཔེར་ན་སྲིད་གཞུང་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས། ཚོང་ར་སོགས་ཀྱི་ཞབས་ཞུ་ཆ་འཕྲིན་དང་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་སོགས་ཀྱི་གཞི་རྩའི་ཆ་འཕྲིན་དང་དེ་བཞིན་རྒན་རྒོན་གྱི་དགོས་མཁོ་སོགས་ཀྱི་ཆ་འཕྲིན་བཅས་ནང་འཇུག་བྱས་ཡོད་པས་རྒན་རྒོན་ལ་བདེ་ཐང་དོ་དམ་གྱི་ཁྱད་ཆོས་གཙོ་བོ་བྱས་པའི་ཆ་འཕྲིན་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད་།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་རིང་ལ་སྟོར་སྐོར་རྫོང་གིས་རིག་ནུས་ཅན་དང་ཆ་འཕྲིན་ཅན་གྱི་རྒན་གསོ་ཞབས་ཞུའི་སྟེགས་བུའི་འཛུགས་སྐྲུན་ལས་ཧུར་ཐག་སྒོ་ནས་སྐུལ་འདེད་བཏང་སྟེ། རིག་ནུས་ཅན་གྱི་རྒན་གསོར་འཕེལ་རྒྱས་གཏོང་བའི་རོགས་སྐྱོར་གྱི་སྲིད་ཇུས་བཙུགས་ནས་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། རྒན་གསོའི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། རིག་ནུས་དོ་དམ་ཞབས་ཞུ་འབུར་ཏུ་ཐོན་པ་དང་། རྒན་རྒོན་གྱི་བདེ་ཐང་དང་གོང་འཕེལ་འགྲོ་རྒྱུ་ལྟེ་བར་བྱེད་པ་དང་། རྒན་གསོའི་ཀྱི་རིག་ནུས་ཅན་མངོན་འགྱུར་བྱུང་ནས་རྒན་རྒོན་གྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་དང་།སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱས་ཏེ། དུས་བསྟུན་ཡར་རྒྱས་དང་བདེན་འཆོལ་དོན་བཅས་མཐའ་འཁྱོངས་བྱས་ནས་རྒས་དུས་འཚོ་རྟེན་བཟང་པོ་ཞིག་ཡོད་པར་འབད་བརྩོན་བྱས།

ལོ་ཙཱ་བ། གཡང་སྐྱིད།