མདོ་ལ་སློབ་གསོ་སྡེ་ཁག་གིས་སློབ་གསོའི་ཞིབ་འཇུག་གསར་གཏོད་བྱས་ཏེ་སྒྲིག་གཞིའི་ལམ་ལུགས་འཐུས་ཚང་ཅན་དུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མདོ་ལ་རྫོང་གི་སློབ་གསོ་སྡེ་ཁག་གིས་སློབ་གསོའི་ཞིབ་འཇུག་བྱ་བར་ཤུགས་སྣོན་བྱེད་རྒྱུ་དེ་ལོ་འདིའི་བྱ་བ་གཙོ་བོ་རུ་བཟུང་སྟེ་ཕུལ་བྱུང་སློབ་ཁྲིད་ལ་དཔྱད་འཇོག་བྱེད་པ་ལེགས་འགྲུབ་དང་སློབ་གསོའི་སློབ་ཁྲིད་ལ་ཞིབ་འཇུག་བཅས་ཀྱིས་རིགས་མི་འདྲ་བའི་སློབ་གསོའི་རྩལ་ནུས་འདྲ་མིན་སྣ་ཚོགས་ལ་འགྲན་སྡུར་གྱིས་དགེ་རྒན་གསབ་སྦྱོང་དང་སློབ་ཁྲིད་ལ་ཚད་ལེན་སོགས་རྒྱུན་ལྡན་གྱི་སློབ་ཁྲིད་བྱ་བའི་རྨང་གཞིའི་སྟེང་སློབ་ཁྲིད་ཞིབ་འཇུག་གི་སྒྲིག་གཞི་ཧུར་ཐག་གིས་གསར་གཏོད་བྱས་ཏེ་རིམ་པ་མི་འདྲ་ཞིང་རྣམ་པ་མི་འདྲ་ལ་སློབ་གསོའི་ཞིབ་འཇུག་རང་བཞིན་གྱི་བྱ་འགུལ་འདྲ་མིན་སྣ་ཚོགས་ཀྱིས་རྫོང་ཡོངས་ཀྱི་དགེ་རྒན་དག་གི་ཆེད་ལས་རང་བཞིན་གྱི་གཉོམ་ལག་ལ་སྐུལ་འདེད་དང་སློབ་ཁྲིད་བསླབ་གཞིའི་ཁྲོད་ཀྱི་དོན་དངོས་གནད་དོན་ལ་སྐུལ་འདེད་ཀྱིས་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་བཏང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ཤེས་གསལ་ལྟར་ན། མདོ་ལ་རྫོང་སློབ་གསོ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣ་དག་གིས་ཉིན་རྒྱུན་གྱི་བརྟག་དཔྱད་ཞིབ་འཇུག་བྱ་བའི་ཁྲོད་ཤེས་རྟོག་བྱུང་བ་ལྟར་ན། སློབ་གསོའི་ཞིབ་འཇུག་བྱ་བ་ནི་སློབ་གྲྭ་ཆུང་འབྲིང་སོ་སོའི་ཞན་ཆ་ལྟ་བུ་ཞིག་ཡིན་ལ། སློབ་ཁྲིད་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་དཀའ་གནད་ཞིག་ཀྱང་ཡིན། སློབ་གསོའི་ཞིབ་འཇུག་བྱ་འགུལ་སྤེལ་བ་བརྒྱུད་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་སོ་སོའི་བསམ་བློ་བརྗེ་རེས་ལ་སྐུལ་འདེད་དང་དགེ་རྒན་དག་གི་སློབ་ཁྲིད་ཐད་ཀྱི་ཉམས་མྱོང་ཡང་བརྗེ་རེས་བྱས་ཏེ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས། དེ་མིན་རྫོང་ཡོངས་སུ་སློབ་གྲྭ་ཆུང་འབྲིང་གི་ཞིབ་འཇུག་བྱ་བར་གཟིགས་ཞིབ་བྱེད་པའི་བྱ་འགུལ་ནུས་ལྡན་སྤེལ་བ་དང་སློབ་གསོ་ཅུའུ་ཡིས་ནན་ཏན་སྒོས་ཞིབ་འཇུག་ཐད་ཀྱི་ཇུས་གཞི་གཏན་ལ་ཕབ་ཡོད། ཇུས་གཞི་གཞིར་བཟུང་ན་སློབ་གསོའི་ཞིབ་འཇུག་བྱེད་སྒོ་ཆེན་པོ་རིགས་མི་འདྲ་བ་5སྤེལ་བ་དང་དེའི་ཁྲོད་སློབ་ཆུང་གཉིས་པས་རྫོང་ཡོངས་ཀྱི་སློབ་ཆུང་སློབ་མའི་སྐད་ཡིག་ཀློག་འདོན་ཐད་ཀྱི་ཞིབ་འཇུག་གཟིགས་ཞིབ་བྱ་འགུལ་སྤེལ་བ་དང་སློབ་ཆུང་དང་པོས་སློབ་ཆུང་སྐད་ཡིག་གི་སློབ་ཚན་གཅིག་ལ་སྒྲིག་གཞི་མི་འདྲ་བའི་སློབ་གསོའི་ཞིབ་འཇུག་གཟིགས་ཞིབ་ཐད་ཀྱི་བསམ་བློ་བརྗེ་རེས་བྱེད་པའི་བྱ་འགུལ་སྤེལ། དེ་བཞིན་དུ་སློབ་ཆུང་གཉིས་པས་ད་རུང་ཉིན་རྒྱུན་ལམ་ལུགས་ཀྱི་རྒྱང་བསྒྱུར་སློབ་གསོའི་བསམ་བློ་བརྗེ་རེས་བྱེད་པའི་གཟིགས་ཞིབ་བྱ་འགུལ་ཡང་སྤེལ། མུ་ལེ་གྲོང་བརྡལ་མི་རིགས་བཅའ་སྡོད་ལམ་ལུགས་སློབ་ཆུང་གིས་སློབ་ཆུང་གི་བོད་ཀྱི་སྐད་ཡིག་ཞིབ་འཇུག་བསམ་བློ་བརྗེ་རེས་བྱེད་པའི་གཟིགས་ཞིབ་བྱ་འགུལ་སྤེལ། མི་རིགས་སློབ་འབྲིང་གིས་ཀྱང་རང་གི་ཁྱད་ཆོས་ལྡན་པའི་སློབ་གསོའི་ཞིབ་འཇུག་བསམ་བློ་བརྗེ་རེས་བྱེད་པའི་གཟིགས་ཞིབ་བྱ་འགུལ་ཡང་སྤེལ་བ་རེད།

འདི་ལྟར་རིམ་པ་མི་འདྲ་བའི་བྱ་འགུལ་གང་མང་སྤེལ་བ་བརྒྱུད་ཕུལ་བྱུང་སློབ་གྲྭའི་སློབ་གསོའི་ཞིབ་འཇུག་བྱ་འགུལ་དག་གིས་རང་རང་གི་འཇོན་ཐང་ཕྱིར་འདོན་གྱིས་ཉམ་ཐག་པའི་སློབ་གྲྭ་དག་སྔར་ལས་འཕེལ་རྒྱས་སུ་སོང་ཞིང་མདོ་ལ་རྫོང་གི་སློབ་གྲྭ་ཡོངས་རྫོགས་ཀྱིས་སློབ་གསོའི་ཞིབ་འཇུག་བྱ་བའི་གཞི་འཛིན་ས་རུ་གྱུར་བ་མ་ཟད། དགེ་རྒན་རེ་རེ་ཡི་སློབ་ཁྲིད་བསླབ་ཚན་དག་གི་ནུས་པ་སྔར་ལས་མཐོར་འདེགས་དང་སློབ་ཁྲིད་སློབ་གསོའི་སྤུས་ཚད་ཡང་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་བ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།