ཞིང་ཆེན་བཟོ་ཚོང་ཅུའུ་ཡིས་ཁེ་ལས་སོ་སོར་མ་དངུལ་སྒོར་དུང་ཕྱུར234ཡིས་རོགས་རམ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། འདས་ཟིན་པའི་ལོ་ངོ་གཅིག་གི་རིང་ཞིང་ཆེན་བཟོ་ཚོང་ཅུའུ་ཡིས་ཞབས་ཞུའི་འདུ་ཤེས་གསར་གཏོད་བྱས་ཏེ། ཐོན་རྫས་གཏའ་མར་འཇོག་པའི་བྱེད་ནུས་ཐོ་འགོད་ལྟར་ཁྲིམས་ལྟར་ཐོན་རྫས་གཏའ་མར་འཇོག་པའི་ཐོ་འགོད་བྱེད་ནུས་སྔོག་འདོན་བྱས་ཤིང་ཁེ་ལས་ཆུང་འབྲིང་གི་ཁྲོམ་རའི་གཙོ་རྒྱུགས་རང་བཞིན་གྱི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་བྱས། ལོ་ངོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་ཐོན་རྫས་གཏའ་མར་འཇོག་པའི་ཐོ་འགོད་རིགས393དང་མ་དངུལ་སྒོར་དུང་ཕྱུར234.09ལ་སླེབས་ཡོད་ལ། དེ་དག་སོ་སོ་ལོ་སྔོན་མ་ལས་བརྒྱ་ཆའི119.56དང་བརྒྱ་ཆའི136.81ལ་སླེབས་ཡོད།

ཁེ་ལས་སོ་སོར་ད་ལྟ་ཡོད་པ་དང་མ་འོངས་བར་ཡོད་འོས་པའི་སྒྲིག་གཞི་དང་མ་བཅོས་རྒྱུ་ཆ། ཐོན་རྫས་གསར་བ། ཐོན་རྫས་གཏའ་མར་འཇོག་པ། གཏའ་མར་འཇོག་པའི་ཐོན་རྫས་ཐོ་འགོད་འགྲོ་ལུགས་སྒྲུབ་པ། མ་དངུལ་གྱི་དངུལ་རྩ་མངོན་འགྱུར་བྱེད་པ། མ་དངུལ་འཁོར་རྒྱུགས་ཐུབ་པ་བཅས་ལ་རོགས་རམ་བྱེད་ཆེད་ཞིང་ཆེན་བཟོ་ཚོང་ཅུའུ་ཡིས་གྱོད་དོན་ལ་དབྱེ་ཞིབ་དང་དྲ་ཐོག་དཔྱད་སྡུར་སོགས་ཀྱི་བྱེད་ཐབས་བརྒྱུད་གཞི་རིམ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ལ་མཛུབ་སྟོན་གྱིས་ལེགས་བསྒྱུར་ཐོ་འགོད་བརྒྱུད་རིམ་དང་ཐོ་འགོད་བརྒྱུད་རིམ་སྟབས་བདེ། ཐོ་འགོད་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཅས་སུ་བཏང་ནས་དུས་ལྟར་ཐོ་འགོད་བྱས་པ་མ་ཟད། ཉིན15ཡི་བྱ་བའི་དུས་ཡུན་ནང་ཞིང་ཆེན་བཟོ་ཚོང་ཅུའུ་ཡི་ཡིད་རྟོན་བརྡ་འཕྲིན་སྤྱི་བསྒྲགས་སྟེགས་བུ་སྤྱི་བསྒྲགས་ཀྱིས་ཁེ་ལས་རྩད་གཅོད་དང་ཐོ་འགོད་གྲུབ་ཆ་ཇེ་དམའ་རུ་བཏང་བ་རེད།

རང་ཞིང་གི་ཁེ་ལས་དངུལ་རྩའི་ཐད་ཀྱི་མ་རྩ་ཕྱིར་གཏོང་གི་དགོས་མཁོ་མང་པོ་གཞིར་བཟུང་ནས་དངུལ་ཁང་སོགས་ཀྱིས་དངུལ་རྩའི་སྒྲིག་གཞིའི་མ་དངུལ་གྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་འདུ་ཤེས་ཇེ་དྲག་དུ་བཏང་བ་དང་ཞིང་ཆེན་བཟོ་ཚོང་ཅུའུ་ཡིས་ཐོན་རྫས་གཏའ་མར་འཇོག་པ་ཐོ་འགོད་བྱེད་པའི་བྱེད་ནུས་བེད་སྤྱད་ནས་ཁེ་ལས་སོ་སོའི་དངུལ་རྩ་བེད་སྤྱད་ཐད་སེམས་བདེ་ལ་བབས་ནས་བཅའ་ཁྲིམས་ཐད་ཀྱི་རྩོད་གླེང་མང་པོ་ཞིག་ཇེ་ཉུང་དུ་བཏང་། སྔ་གཞུག་ཏུ་རིམ་པ་སོ་སོའི་བཟོ་ཚོང་སྡེ་ཁག་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ལ་མཛུབ་སྟོན་གྱིས་ཁེ་ལས་ཀྱི་ཆེད་དུ་རླངས་འཁོར་བསྐོར་བ་དེ་ཡང་གཏའ་མར་འཇོག་པ་ཐོ་འགོད་དང་མ་བཅོས་རྒྱུ་ཆ་ཡང་གོ་རིམ་ལྟར་གཏའ་མར་འཇོག་པ་ཐོ་འགོད། སྒྲིག་ཆས་གཏའ་མར་འཇོག་པ་ཐོ་འགོད་སོགས་ཀྱིས་ཁེ་ལས་གང་མང་ཞིག་ལ་མ་དངུལ་བསྐྱི་བའི་ཐད་རོགས་རམ་བྱས་པ་མ་ཟད། ཁེ་ལས་ཀྱི་དངུལ་རྩའི་འཁོར་རྒྱུགས་ལ་སྐུལ་འདེད་ཐོབ་ནས་ཁེ་ལས་ཐད་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཇེ་མཐོར་བཏང་ནས་ཁེ་ལས་འཕེལ་རྒྱས་ཐད་རྒྱབ་རི་བརྟན་པོ་ཞིག་མཁོ་སྤྲོད་བྱས་ཡོད།

དེ་མིན་ཞིང་ཆེན་བཟོ་ཚོང་ཅུའུ་ཡིས་ད་རུང་ཞབས་ཞུའི་བྱེད་ནུས་མུ་མཐུད་དུ་རྒྱུན་བསྲིངས་ནས་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་རོགས་རམ་བྱས་པ་རེད། ཙོང་ཁ་རྫོང་སྲིད་གཞུང་གིས་ཐོན་ལས་དབུལ་སྐྱོར་མ་དངུལ་བེད་སྤྱོད་ཀྱི་བྱེད་ཐབས་ལས་ཐབས་བཀོད་འཐེན་ནས་ཐོན་ལས་གཅིག་བསྡུས་ཀྱི་ཕན་ནུས་ལ་ཚད་བཀག་བྱེད་པ་བརྩོན་ལེན་བྱས་ཤིང་མ་དངུལ་གཅིག་བསྡུས་ཁྲོད་བེད་སྤྱོད་བྱེད་པ། ཐོན་རྫས་གཏའ་མར་འཇོག་པ་ཐོ་འགོད་བཅས་ཀྱིས་ཐོན་ལས་དབུལ་སྐྱོར་མ་དངུལ་དེ་དག་ས་གནས་ཀྱི་ཁེ་ལས་འཕེལ་རྒྱས་ཁྲོད་བཏང་ནས་ཐོན་ལས་དབུལ་སྐྱོར་མ་དངུལ་གྱི་བདེ་འཇགས་ལ་འགན་སྲུང་བྱས་ཤིང་ཁེ་ལས་ཀྱི་མ་དངུལ་ཕྱིར་གཏོང་བྱེད་པར་སྐུལ་འདེད་ཀྱིས་དབུལ་ཕོངས་ཁྱིམ་ཚང་གི་མ་དངུལ་ཡོང་འབབ་དང་ཁེ་ཕན་ལ་རོགས་སྐྱོར་བྱེད་པ་མངོན་འགྱུར་བྱས་ཡོད། དེའི་ཁྲོད་ཙོང་ཁ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་དབུལ་སྐྱོར་མ་དངུལ་ཐད་ཀྱི་ཐོན་རྫས་གཏའ་མར་འཇོག་པའི་ཐོ་འགོད་རིགས19ལ་མཛུབ་སྟོན་གྱིས་ཐོ་འགོད་མ་དངུལ་སྒོར་ཁྲི1657.8ལ་སླེབས་པ་དང་ཐོན་ལས་དབུལ་སྐྱོར་མ་དངུལ་བདེ་བླག་གིས་ལག་བསྟར་བྱས་ཏེ་ཤང་དང་གྲོང་བརྡལ9ཡི་སྡེ་བ90ཡི་དབུལ་ཕོངས་ཁྱིམ་ཚང869ལ་ཁེ་ཕན་བགོ་བཤའ་སྤྲོད་རྒྱུ་དང་རོགས་སྐྱོར་མངོན་འགྱུར་བྱེད་པར་འགན་སྲུང་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།