མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་དགུ་ཡིས་ལུགས་རྙིང་ལོ་སར་སྔོན་གྱི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་བྱ་བར་ཆེད་དོན་ལྟ་ཞིབ་བྱས་པ།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཀྱིས་ཟླ་ཕོགས་ཆད་ལུས་བྱེད་པའི་གནད་དོན་ཐག་གཅོད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ནས2018ལོའི་ལུགས་རྙིང་ལོ་སར་སྔོན་དུ། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་ས་ཆ་སོ་སོའི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་གནས་ཚུལ་ཐད་ནས་ཆེད་དོན་ལྟ་ཞིབ་བྱེད་པ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཟླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་བྱ་བ་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་བྱས་ནས། ཞིང་བ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་མི་ཐེབས་པར་འགན་སྲུང་བྱེད་པ་དང་། སྤྱི་ཚོགས་བདེ་འཇགས་དང་འཆམ་མཐུན་གཏན་འཇགས་སྲུང་སྐྱོབ་བྱེད་རྒྱུ་རེད།

ཐེངས་འདིའི་ལྟ་ཞིབ་ཐད་ནས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་སོགས་སྡེ་ཁག་དགུ་ཡིས་མི་སྣ་སྐོང་འཐེན་བྱས་ནས་ལྟ་ཞིབ་ཚན་ཆུང་བཞི་རུ་བགོས་ཏེ་བྱ་བ་སྤེལ་རྒྱུ་ཡིན་པ་དང་། གཙོ་བོར་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱིས་ཟླ་ལྟར་ཟླ་ཕོགས་སྟེར་བའི་གཏན་ཁེལ་ལག་བསྟར་བྱེད་པ་དང་། ཞིང་བ་ཞོར་ལས་པར་དངོས་མིང་ལྟར་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ། ཟླ་ཕོགས་འགན་སྲུང་དངུལ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཐད་ཀྱི་ཆེད་སྤྱོད་རྩིས་ཚན་དོ་དམ་ལམ་ལུགས་ལག་བསྟར་བྱེད་པའི་གནས་ཚུལ། སྲིད་གཞུང་གིས་མ་དངུལ་བཏང་བའི་བཟོ་སྐྲུན་ལས་གཞིའི་ཟླ་ཕོགས་ཆད་ལུས་གནད་དོན་ཐག་གཅོད་པའི་གནས་ཚུལ། ཟླ་ཕོགས་ཆད་ལུས་གནད་དོན་ཐག་གཅོད་གཞུང་སྒྲུབ་ཁང་གི་སྤེལ་བའི་ཟླ་ཕོགས་ཆད་ལུས་ཐད་ཀྱི་གྱོད་གཞིའི་རྩིས་ཐོ་སོགས་གྱོད་གཞི་ཐག་གཅོད་པའི་གནས་ཚུལ། ཞུ་གཏུག་བྱས་པའི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཆད་ལུས་དོན་རྐྱེན་ལ་ཆད་པ་བཅད་པའི་གནས་ཚུལ། ཁྲིམས་ལྟར་ཆད་པ་གཅོད་པ་དང་ལྐོག་བཀོད་མིང་ཐོ་ཁྲོད་འཇོག་པ། ཁྲིམས་འཛིན་སྦྲེལ་མཐུད་ལ་ཤུགས་སྣོན་པ། སྤྱི་ཚོགས་གསལ་བསྒྲགས་སོགས་གནས་ཚུལ། ཁོངས་གཏོགས་ས་ཁུལ་གྱིས་ཟླ་ཕོགས་སྟེར་བའི་འགན་འཁྲི་ལག་བསྟར་བྱེད་པ་དང་། སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་གནས་ཚུལ། ས་ཆ་སོ་སོས་ཟླ་ཕོགས་ཆད་ལུས་བྱས་པར་བརྟེན་ནས་བྱུང་བའི་ཚོགས་པ་རང་བཞིན་གྱི་ཐོལ་བྱུང་དོན་རྐྱེན་ལ་འཕྲལ་བསྟུན་ཐག་གཅོད་བྱེད་པའི་ཇུས་གཞི་འཐུས་ཚང་དུ་བཏང་ཡོད་མིན་གྱི་གནས་ཚུལ་བཅས་ཀྱི་ཐད་ཆེད་དོན་ལྟ་ཞིབ་བྱས།

ལྟ་ཞིབ་བརྒྱུད་དེ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྒྲོག་བྱེད་པ་དང་། འགན་འཁྲི་གསལ་བོ་བྱེད་པ། བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ནས། ཆེད་དོན་ལྟ་ཞིབ་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པར་ཁག་ཐེག་བྱེད་པ་དང་། ལུགས་རྙིང་ལོ་སར་སྔོན་གྱི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཆད་ལུས་ཐད་ཀྱི་གྱོད་གཞི་ཧ་ལམ་ཐག་གཅོད་བྱེད་ཐུབ་པ་དང་ཚོགས་པ་རང་བཞིན་གྱི་དོན་རྐྱེན་ཐག་གཅོད་བཟང་བོ་བྱེད་པ། ཟླ་ཕོགས་གཏན་ནས་མི་སྟེར་བའི་ཁྲིམས་འགལ་གྱོད་གཞི་ཁྲིམས་འཛིན་སྡེ་ཁག་གིས་ཐག་གཅོད་པར་བརྒྱུད་སྤྲོད་བྱེད་པར་ཁག་ཐེག་བྱེད་པ། ལོ་གཅིག་རིང་དཀའ་སྤྱད་འབད་འཐབ་བྱས་པའི་ཞིང་བ་ཞོར་ལས་པ་ཚོས་ཟླ་ཕོགས་བླངས་ནས་ཕྱིར་ཕ་ཡུལ་དུ་ལོག་ཐུབ་པར་ཁག་ཐེག་བཅས་བྱས་ཏེ། རྒྱ་ཆེའི་ངལ་རྩོལ་པ་ཚོའི་ཟླ་ཕོགས་ཐད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།