མཚོ་ནུབ་ཀྱིས་སྨན་བཅོས་བསྒྱུར་བཅོས་བྱས་ཏེ་མང་ཚོགས་ཀྱི་ཡོངས་འབབ་མང་དུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་བའི་ལོ་འགའི་རིང་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་སྤེལ་དང་། སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། མང་ཚོགས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་ཁྲོད་ཐོབ་ཚོར་མང་པོ་སྦྱིན།

《མཚོ་ནུབ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་》གཏན་ལ་ཕབ་པ་དང་། སྔོན་ལ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དེ་ཁུལ་རིམ་པས་གཅིག་གྱུར་འཆར་འགོད་ཐོག་ལག་བསྟར་བྱས་ཤིང་། སྔར་གྱི་རྣམ་པ་གསར་པའི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གཅིག་སྒྲིལ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་བགོ་བཤའ་རྒྱག་པའི་རྣམ་པ་མེད་པར་བཟོས་པ་རེད།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་ལས་སྒོ་དེ་ཚོང་ལས་འགན་བཅོལ་ཀུང་སིས་སྒྲུབ་གཉེར་རྩིས་སྤྲོད་བྱས་པ་དང་། སྲིད་ཇུས་ཐོབ་ཐང་དང་ཐེབས་རྩའི་དོ་དམ། སྒྲུབ་གཉེར་ཞབས་ཞུ་དང་ཆ་འཕྲིན་མ་ལག་སོགས་ཐད་གཅིག་གྱུར་བྱུང་བ་རེད།

དུས་མཚུངས་སུ། མཚོ་ནུབ་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་བཏང་ནས་མི་རེར་ལོ་རེར་སྒོར680ཡོད་པ་དང་། མི་སྒེར་གྱིས་སྒོར་154འཇལ་དགོས་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་སྨན་ཁང་དུ་སྡོད་པའི་རིམ་པ་གསུམ་པ་དང་རིམ་པ་གཉིས་པ། རིམ་པ་དང་པོ་བཅས་ཀྱི་སྨན་བཅོས་སྒྲིག་གཞི་འགྲོ་སོང་རྩིས་ཞུའི་བསྡུར་གྲངས་སོ་སོར་70% དང80%།  90%ཡི་མཐོ་རུ་བཏང་བ་རེད།  ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལོ་འཁོར་གྱི་ཆེས་མཐོ་བའི་དངུལ་གཏོང་ཚད་སོ་སོར་སྒོར་ཁྲི25དང་སྒོར་ཁྲི10སླེབས་པ་དང་། ལས་བཟོ་བའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ཐེབས་རྩའི་དངུལ་གཏོང་གི་བསྡུར་ཚད་དེ་92%སུ་སླེབས་པ་རེད།  གཞི་རྩ་དང་ནད་ལྕི་མོ་དང་གྲངས་འབོར་ཆེ་བའི་སྨན་བཅོས་འགན་བཅོལ་དང་གཞུང་ཞབས་པའི་ཁ་གསབ་བྱས་རྗེས།  ལྷག་ཡོད་པའི་རང་ཉིད་ཀྱིས་སྤྲོད་དགོས་པའི་སྨན་རིན་དེ་ཐེངས་གཉིས་པའི་ཁ་གསབ་ཐེབས་རྩའི་རོགས་སྐྱོར་བྱས་པ་དང་། ཁ་གསབ་ཀྱི་བསྡུར་གྲངས་80%ཡན་ཟིན་པ་རེད།

ཞིང་ཆེན་ཡོངས་ཀྱི“སྨན་བཅོས་འགན་ལེན་དང་རོགས་སྐྱོབ་དབུལ་ཐར་བྱ་སྤྱོད་འཆར་གཞི་”ལྟར། ཡིག་ཚགས་དང་བྱང་བུ་བཟོས་པའི་མི་དབུལ་བོ1218སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་། སྨན་བཅོས་འགན་བཅོལ་མང་ཚོགས་དབུལ་པོ་ཁྱོན་ཡོངས་ལ་ཁྱབ་པར་མངོན་འགྱུར་བྱུང་ཞིང་། ཁུལ་ཡོངས་ཀྱི་གཞུང་གཉེར་སྨན་ཁང་དུ་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་རིན་གོང་བསྒྱུར་བཅོས་བྱ་འགུལ་སྤེལ་བ་དང་།  ཞབས་ཞུའི་རྣམ་གྲངས་རིགས་9714རིན་གོང་གཏན་འབེབས་བྱས་པ་རེད།  

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།