བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་བཙུགས་པ།

བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་ཟླ8པའི་ཚེས21ཉིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་དངོས་སུ་བཙུགས།  ཀྲུང་གོའི་ཤུལ་བཞག་ཚད་ལྡན་ཡིག་ཆའི་གྲས་སུ།  བོད་ཡིག་གི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ཀྱི་རྣམ་གྲངས་མང་ཞིང་གྲངས་འབོར་ཧ་ཅང་ཆེ་ལ། ཆ་མི་ཚང་བའི་རྒྱུས་ལོན་བྱས་པ་ལྟར་ན།  རྒྱལ་ཡོངས་སུ་བོད་ཡིག་གི་གནའ་དཔེའི་ཚད་ལྡན་ཡིག་ཆའི་བསྡུ་ཉར་བྱས་ཚད་ནི་པོད(དེབ)ཁྲི200ཡས་མས་ཤིག་ཡོད།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས2015ལོར་ཆེད་སྒྲུབ་མི་སྣ་རྩ་འཛུགས་དང་།  ཕྱོགས་སོ་སོའི་ནུས་པ་མཐུན་སྦྱོར་བྱས་ཏེ། བོད་ཡིག་གི་གནའ་དཔེའི་ཚད་ལྡན་ཡིག་ཆ་འཚོལ་སྡུད་དང་ལེགས་སྒྲིག་བྱེད་མགོ་བརྩམས།  དེར་པེ་ཅིན་དང་བོད་རང་སྐྱོང་ལྗོངས།  མཚོ་སྔོན།  ཀན་སུའུ།  སི་ཁྲོན་སོགས་བོད་ཁུལ་གྱི་བོད་ཡིག་གནའ་དཔེའི་ཚད་ལྡན་ཡིག་ཆ་གཅིག་གྱུར་གྱིས་འཚོལ་སྡུད་བྱས་ཡོད།  ལྷག་པར་དུ་ཐེངས་དང་པོར་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་གའི་གནའ་དཔེའི་དཀར་ཆག་འགའ་ལེགས་སྒྲིག་བྱས།  དེའི་ནང་ལ་ལ་ནི་སྔ་མོ་ནས་བྲིས་རྒྱུན་ཆད་པའི་བཀའ་གདམས་པ་དང་། བཀའ་བརྒྱུད་པ།  ཞི་གཅོད་པ་བཅས་གནའ་སྔ་མོའི་དཔེ་རྒྱུན་དཀོན་པའི་རིགས་ཀྱི་ཚད་ལྡན་ཡིག་ཆ་རེད། དཀར་ཆག་གི་ཁྲོད་དུ་མདོ་སྔགས་གཉིས་ཀྱི་ནང་དོན་འདུས་པའི་ཆོས་ལུགས་ཀྱི་ཚད་ལྡན་ཡིག་ཆ་བཀོད་ཡོད་པར་མ་ཟད།  ལོ་རྒྱུས་དང་རྣམ་ཐར། བརྡ་སྤྲོད་རིག་པ།  རྩོམ་རིག གསོ་རིག་དང་སྐར་རྩིས་བཅས་ཀྱི་ནང་དོན་མང་པོའང་བཀོད་ཡོད་པས།《བཀའ་བསྟན་འགྱུར》རིགས་ཀྱི་ཚད་ལྡན་ཡིག་ཆའི་ནང་དུ་ཐོ་འགོད་བྱས་མེད་པའི་རྒྱུ་ཆ་རེད།  ད་ལྟའི་བར་དུ་བོད་ཡིག་གི་གནའ་དཔེའི་ཚད་ལྡན་ཡིག་ཆ་པོད(དེབ)ཁྲི4ལྷག་འཚོལ་སྡུད་བྱས་པ་དང་།   བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་འཛུགས་པར་རྨང་གཞི་བརྟན་པོ་བཏིང་བ་རེད།།

2017ལོའི་དུས་དེབ་དྲུག་པ།