2018ལོའི་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཀྱི་འགྲེམ་སྤེལ་བྱ་བ་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན།

མཚོ་སྔོན《ཏང་གི་འཚོ་བ》ནི་ཞིང་ཆེན་ཏང་ཨུས་གཙོ་གཉེར་དང་གཙོ་སྒྲུབ་བྱེད་པའི་ལས་ཁུངས་ཀྱི་དུས་དེབ་ཅིག་ཡིན།  ལོ་འགའི་རིང་དུ་དུས་དེབ་ཁང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ། སྤྱི་ཡོངས་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་གནས་བྱ་བར་དམ་པོར་དམིགས་ནས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དང་བྱེད་ཐབས་སྤྱད་དེ་བརྗོད་བྱ་གཙོ་བོ་དར་སྤེལ་དང་ནུས་པ་གཅིག་བསྡུས་བྱས་ནས། གླེང་ཕྱོགས་སྣེ་ཁྲིད་དང་མང་ཚོགས་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས། ཏང་འཛུགས་བྱ་བ་བཅས་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་བཞག  ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དྲིལ་བསྒྲགས་བཟང་བོ་དང་ལག་ལེན་བཟང་བོ་བྱེད་པ་དང་། 2018ལོའི་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཀྱི་འགྲེམ་སྤེལ་བྱ་བ་ལེགས་སྒྲུབ་བྱེད་ཆེད། གཤམ་གསལ་གྱི་བྱ་བ་བཞི་ལེགས་སྒྲུབ་བྱ་དགོས་པ་འདི་ལྟ་སྟེ།

གཅིག  བསམ་བློ་གཅིག་གྱུར་བྱས་ནས་གནས་བབ་གསར་བའི་འོག་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཀྱི་འགྲེམ་སྤེལ་བྱ་བ་ལེགས་སྒྲུབ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་བྱེད་དགོས།

ཏང་གི་དུས་དེབ་ནི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཁྱབ་སྤེལ་བྱེད་པའི་ཐེག་བྱེད་གལ་ཆེན་དང་། ཏང་གི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་སྔོན་ཐོན་རང་བཞིན་ལ་ཁག་ཐེག་བྱེད་པའི་དྲིལ་སྒྲོག་གཡུལ་ས་ཞིག་ཡིན་ལ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བྱ་བ་མཛུབ་སྟོན་བྱེད་པའི་ཐད་མེད་ན་མི་ཆོག་པའི་བྱེད་ཐབས་གཙོ་བོ་དང་། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་དང་སྒྲོག་ཐག་ཀྱང་ཡིན་པས། མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཀྱི་འགྲེམ་སྤེལ་བྱ་བ་ལེགས་སྒྲུབ་བྱས་ན་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚོང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།"ཁྱོན་ཡོངས་བཞིའི"འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། དབུལ་སྐྱོར་དང་གསར་གཏོད་འགག་སྒྲོལ་གྱི་འཐབ་རྩོད་ལ་རྒྱལ་ཁ་ལེན་པ། དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ། "གཞི་གསུམ"འཛུགས་སྐྲུན་དང"ནན་གསུམ་རྣལ་གསུམ"གྱི་ཆེད་དོན་སློབ་གསོ། ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་བྱ་བ་བཅས་ལ་སྐུལ་འདེད་གཏོང་བ། སྲིད་སྐྱོང་གི་ཆུ་ཚད་མཐོར་འདེགས་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

རིམ་པ་སོ་སོའི་ཏང་ཨུས་ངེས་པར་དུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་གཏན་འཁེལ་བྱས་པའི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཀྱི་འགྲེམ་སྤེལ་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་བྱ་དགོས་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། འགན་ཁུར་གྱི་འདུ་ཤེས། གཡུལ་སའི་འདུ་ཤེས་བཅས་བཙུགས་ནས་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཀྱི་འགྲེམ་སྤེལ་བྱ་བ་ལེགས་སྒྲུབ་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཀྱི་གླེང་ཕྱོགས་གཡུལ་སའི་གོ་གནས་སྲ་བརྟན་བྱེད་པ། མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཀྱི་ཤུགས་རྐྱེན་དང་ནུས་ཤུགས་མཐོར་འདེགས་བྱས་ནས་ཁྱབ་རྒྱ་ཇེ་ཆེར་བཏང་སྟེ། མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཀྱི་འགྲེམ་སྤེལ་བྱེད་ཚད་བརྟན་པོའི་ངང་འཕར་བར་ཁག་ཐེག་བྱེད་དགོས།

གཉིས། མགོ་ཁྲིད་ལ་ཤུགས་བསྣན་ནས2018ལོའི་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཀྱི་འགྲེམ་སྤེལ་བྱ་བ་ལེགས་འཛིན་བྱེད་དགོས།

2014ལོར་པར་གཞི་ལེགས་སྒྱུར་བྱས་པའི་ཚུན་དུ། མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཁང་གིས་ཧུར་ཐག་གིས་སྔར་ལས་མཐོ་བའི་རིམ་པ་དང་སྔར་ལས་བཟང་བའི་ཆུ་ཚད། སྔར་ལས་ཚན་རིག་ལྡན་པའི་ཁ་ཕྱོགས་སུ་བསྒྱུར་པ་དང་། སྨྱན་བྱེད་གཙོ་བོའི་ལས་འགན་བརྟན་སྲུང་དང་རིན་ཐང་བརྩོན་ལེན་བྱེད་པའི་དུས་མཉམ་དུ་རང་འགུལ་གྱིས་ཧུར་སྐྱེད་ཡར་ཐོན་བྱས་པས། དྲིལ་སྒྲོག་དང་བདག་གཉེར། དོ་དམ་བཅས་སུ་དགའ་འོས་པའི་བྱས་རྗེས་ཐོབ་པ་དང་། ལྷག་པར་དུ་བརྗོད་བྱ་གཙོ་བོ་དྲིལ་སྒྲོག་དང་དཔེར་འོས་དྲིལ་སྒྲོག་བྱེད་པའི་ཐད་འགོད་པའི་དཔེ་དབྱིབས་འཚོལ་བ་དང་གསར་སྐྲུན་བྱས་པས་མཉམ་འདྲེས་བྱེད་ནུས་དང་འགུག་ཤུགས། ཡིད་དབང་འགུག་ནུས། དམིགས་སའི་རང་བཞིན། ཕན་དངོས་རང་བཞིན་བཅས་ཇེ་ཆེར་བཏང་ཞིང་། ཇུས་འགོད་ནུས་ཤུགས། བརྒྱུད་སྒྲོག་ནུས་ཤུགས། ཤུགས་རྐྱེན་ནུས་ཤུགས། དྲིལ་སྒྲོག་ཕན་འབྲས་བཅས་མངོན་གསལ་དུ་ཇེ་མཐོར་སོང་། དེ་མིན་ཚན་བྱང་མཉམ་སྐུལ་དང་དུས་དེབ་དང་དྲ་བ་མཉམ་སྐུལ་བྱེད་པའི་རྣམ་པ་སྤྱད་ནས་མིག་དཔེ་འགོད་པའི་དྲིལ་སྒྲོག་ཕན་ནུས་རྒྱ་བསྐྱེད་དེ། མིག་དཔེ་མི་སྣ་དང་གཞི་རིམ་གྱི་སྔོན་ཐོན་ཉམས་མྱོང་མང་པོ་ཏང་གི་དུས་དེབ་ཐོག་ཏུ་བཀོད་ནས་དྲིལ་སྒྲོག་བྱས་པས། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་ཤུགས་རྐྱེན་བྱུང་ཡོད།  མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་སྒྲུབ་པར་ཁྱད་ཆོས་ལྡན་ཡོད་དེ། ཚན་བྱང་བཀོད་སྒྲིག་དང་པར་ངོས་ཇུས་འགོད། ནང་དོན་འགོད་པ་བཅས་སུ་གཞི་རིམ་གྱི་ཏང་ཀྲི་པུའུ་དང་ཉེ་བར་བཅར་བ་དང་། ཏང་གི་དུས་དེབ་ཁང་གིས་མུ་མཐུད་དུ་ཁེབས་ཚད་རྒྱ་བསྐྱེད་པ་དང་ཁས་ལེན་བྱས་ཚད་མཐོར་འདེགས་བྱས་ནས་གྲུབ་འབྲས་མང་པོ་ལེན་དགོས།

ལོ་མང་པོའི་རིང་དུ་ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་གྱི་རྒྱ་ཆེའི་བོད་རིགས་ཏང་ཡོན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཚོ་སྔོན《ཏང་གི་འཚོ་བ》བོད་ཡིག་པར་གཞི་ཡིས་དུས་ཚོད་དང་པོར་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་བྱས་པས། གཞི་རིམ་གྱི་བོད་ཡིག་སློབ་སྦྱོང་བྱེད་པའི་དཔྱད་གཞིའི་ཡིག་རིགས་ཉུང་བའི་གནད་དོན་ཐག་བཅད་དེ། བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་བསྡུས། དཔའ་སེམས་བསྐྱེད་པ། གཏན་འཇགས་སྲུང་སྐྱོང་བྱེད་པ་སོགས་སུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ལ། འབྲོག་ཁུལ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བྱ་བ་སྤེལ་བའི་ཐད་མེད་ན་མི་ཆོག་པའི་རོགས་རམ་པ་ཞིག་ཏུ་གྱུར་ཡོད།

2018ལོའི་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཀྱི་འགྲེམ་སྤེལ་བྱ་བའི་སྤྱི་ཡོངས་དམིགས་ཡུལ་དང་ལས་འགན་ནི་འགྲེམ་སྤེལ་བྱེད་ཚད་བརྟན་པོའི་ངང་འཕར་བར་ཁག་ཐེག་བྱས་པའི་རྨང་གཞིའི་ཐོག་ཏུ་གནས་འཕར་རྒྱ་བསྐྱེད་དགོས། གཅིག་ནི་མགོ་ཁྲིད་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་ལས་འགན་གསལ་བོར་བྱ་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་ཏང་ཨུའི་བློ་མཐུན་མགོ་ཁྲིད་པ་གཙོ་བོ་ནི་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་འགྲེམ་སྤེལ་བྱ་བའི་འགན་ཁུར་པ་གཙོ་བོ་དང་། ལས་བགོས་མགོ་ཁྲིད་པ་ཐད་ཀར་གྱི་འགན་ཁུར་པ་ཡིན། རིམ་པ་སོ་སོའི་ཏང་ཨུའི་དྲིལ་སྒྲོག་པུའུ་ནི་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་འགྲེམ་སྤེལ་བྱ་བའི་འགན་ཁུར་སྡེ་ཚན་གཙོ་བོ་ཡིན་པས་འགྲེམ་སྤེལ་བྱ་བའི་སྤྱིའི་ལས་འགན་གཙོ་ཁྲིད་བྱེད་པ་དང་།  རྩ་འཛུགས་སྡེ་ཁག་གིས་དྲིལ་སྒྲོག་སྡེ་ཁག་ལ་རོགས་བྱས་ནས་ཏང་གི་དུས་དེབ་ཀྱི་མངག་ཉོའི་འཆར་གཞི་གཏན་འཁེལ་བྱེད་པ་དང་ཏང་དངུལ་ཉུང་ཤས་སྤྱད་ནས་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་མངག་ཉོ་བྱ་དགོས།  ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་མངག་ཉོ་བྱ་བར་ཁག་ཐེག་བྱེད་པ་དང་ཚགས་པར་དང་དུས་དེབ་དཀྱུས་མ་མངག་ཉོ་དང་ཏང་གི་དུས་དེབ་མངག་ཉོ་མི་བྱེད་པར་སྔོན་འགོག་བྱ་དགོས། ཐོག་མར་ཏང་གི་དུས་དེབ་མངག་ཉོ་བྱ་དགོས། གལ་ཏེ་ཏང་གི་དུས་དེབ་མངག་ཉོ་མི་བྱེད་པར་ལས་ཁུངས་ཀྱི་གཞུང་གྲོན་སྤྱད་ནས་དུས་དེབ་གཞན་པ་མངག་ཉོ་བྱེད་མི་རུང་། གཞི་རིམ་སོ་སོའི་ཏང་ཀྲི་པུའུ་ཡིས་ཧུར་ཐག་གིས་ཏང་གི་དུས་དེབ་མངག་ཉོ་བྱ་དགོས་པ་དང་ཀྲི་པུའུ་རེ་རེས་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་གཉིས་ཉོ་བ། སྡེ་ཁག་སོ་སོའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་རེ་རེས་དུས་དེབ་གཅིག་ཉོ་དགོས། རིམ་པ་སོ་སོའི་གཞི་རིམ་གྱི་འབྲོག་དམངས་ཨུ་ཡོན་ལྷན་ཁང(སྡེ་བའི་ཀྲི་པུའུ)རེ་རེས་མཚོ་སྔོན《ཏང་གི་འཚོ་བ》བོད་ཡིག་དུས་དེབ་གཉིས་ཉོ་བ་དང་། རིམ་པ་སོ་སོའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གིས་དཔལ་ཡོན་སྡེ་ཚན་གྱི་ཏང་གི་དུས་དེབ་མངག་ཉོ་བྱེད་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ་དང་། ཏང་གི་དུས་དེབ་མངག་ཉོ་བྱས་པའི་གནས་ཚུལ་དེ་བསམ་པའི་དཔལ་ཡོན་སྡེ་ཚན་གྱི་ཡར་ཞུ་དང་ལོ་འཁོར་གྱི་ཞིབ་བསྡུར་བྱ་དགོས། གཉིས་ནི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་བྱེད་ཐབས་གསར་སྐྲུན། ཏང་གི་དུས་དེབ་ཀྱི་ཁེབས་ཚད་རྒྱ་བསྐྱེད་ནས་ཏང་རྩ་འཛུགས་དང་ཏང་ཡོན་ཡོད་སར་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཡོད་དགོས།

གསུམ། མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་མངས་ཉོ་བཟང་བོ་དང་སློབ་སྦྱོང་བཟང་བོ། བེད་སྤྱོད་བཟང་བོ་བྱས་ནས་གཞི་རིམ་གྱི་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཏང་གི་དུས་དེབ་ནི་ཏང་གི་དྲིལ་སྒྲོག་གཡུལ་ས་གལ་ཆེན་ཞིག་ཡིན་ལ། བསམ་བློ་སློབ་གསོ་དང་རིགས་པའི་གཞུང་ལུགས་མཛུབ་སྟོན།  ཉམས་མྱོང་བརྗེ་རེས། ཤེས་བྱ་སློབ་ཁྲིད་བཅས་ཀྱི་ཕུང་བོ་གཅིག་ཅན་གྱི་སློབ་སྦྱོང་གི་དཔྱད་གཞི་ཡིག་རིགས་དང་ཟུར་ཁྲིད་སློབ་དེབ་ཅིག་ཀྱང་ཡིན། 2018ལོར་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཁང་གིས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གནད་ས་དམ་པོར་བཟུང་ནས་དྲིལ་སྒྲོག་ཟབ་མོ་བྱེད་པ་དང་།"སློབ་གཉིས་བྱེད་གཅིག"ཆེད་དོན་སློབ་གསོའི་བརྗོད་བྱ་གཙོ་བོ་འདིར་དམིགས་ནས་དུས་ཐོག་ཏུ་ཏང་ཀྲུང་དབྱང་གི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་བྱས་པའི་དགོངས་དོན་ཁྱབ་སྤེལ་དང་། ཧུར་ཐག་གིས་ཏང་གི་འཛུགས་སྐྲུན་གྱི་ཆེད་མཁས་པའི་རིགས་པའི་གཞུང་ལུགས་རྩོམ་ཡིག་བཀོད་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི"སློབ་གཉིས་བྱེད་གཅིག"ཆེད་དོན་སློབ་གསོ་བྱ་འགུལ་སྤེལ་བའི་གནས་ཚུལ་མང་པོ་འགོད་རྒྱུ་དང་། མཚོ་སྔོན་གྱི་འཕེལ་རྒྱས་དང་ལས་བྱེད་པའི་སྤྱོད་ཚུལ་དོན་དངོས་དང་ཟུང་འབྲེལ་བྱས་ནས་དོན་དངོས་སྟོན་པ་དང་གནས་ལུགས་བཤད་པས་དྲིལ་སྒྲོག་འགོད་པའི་སྟོབས་ཤུགས་དྲག་པོ་ཞིག་ཆགས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སློབ་སྦྱོང་བྱེད་པའི་རྨང་གཞི་ཐོག་ཏུ་བྱ་འགུལ་སྤེལ་བའི་དོན་སྙིང་གལ་ཆེན་ལ་གསལ་བོར་ཤེས་རྟོགས་བྱེད་དགོས། སྲོལ་བཟང་དར་སྤེལ་དང་སྤྲོ་སེམས་ལ་སྐུལ་སློང་། སྤྱོད་གཙང་དོན་སྒྲུབ། ལས་སྐྲུན་བཅས་སུ་སྣང་ཚུལ་བཟང་བོ་བསྐྲུན་དགོས། དུས་མཉམ་དུ་ཏང་གི་དུས་དེབ་ཁང་གིས"སྡེ་ཁུལ་གྱི་ཏང་གི་འཛུགས་སྐྲུན"དང"གཞི་རིམ་གྱི་མཐོང་ས།""ཚན་རིག་དང་མཐུན་པའི་འཕེལ་རྒྱས"སོགས་ཀྱི་ཚན་བྱང་བཙུགས་ནས་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་ཏང་དོན་བྱ་བ་བྱེད་མཁན་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སེམས་ཁུར་དང་དོ་སྣང་བྱེད་པའི་གླེང་མང་དང་དཀའ་གནད་གནད་དོན་ལ་ཨ་ལན་བྱ་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དུས་དེབ་མངག་ཉོ་བཟང་བོ་དང་སློབ་སྦྱོང་བཟང་བོ། བེད་སྤྱོད་བཟང་བོ་བྱེད་པ་དེ་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱ་བ་ཞིག་ཏུ་བརྩིས་ནས་འཛིན་དགོས། གཅིག་ནི་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཁང་གི་དཔེར་འོས་ཀྱི་ཉམས་མྱོང་དྲིལ་སྒྲོག་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཧུར་ཐག་གིས་མཚོ་སྔོན《ཏང་གི་འཚོ་བའི》སྟེགས་བུ་དེ་ལ་བརྟེན་ནས་ཤུགས་ཆེན་པོས་སྔོན་ཐོན་མིག་དཔེ་དྲིལ་སྒྲོག་བྱ་དགོས། ཉེ་འཁོར་གྱི་སྔོན་ཐོན་དཔེར་འོས་དེ་མིག་དཔེ་བྱས་ནས་ཏང་ལ་བློ་དཀར་བ་དང་དོན་དངོས་སྒྲུབ་པ་དེ་ཡིད་དུ་བཟུང་ནས་ལས་འགན་ཕྲག་ཏུ་ཁུར་དགོས། དངོས་དོན་བདེན་འཚོལ་དེ་བྱ་སྤྱོད་ཐོག་ཏུ་དོན་ཁྱོལ་བྱས་ནས་ཧུར་ཐག་གིས་བློ་དཀར་དང་སྤྱོད་གཙང་། ཁུར་ཕོད་པའི་ལས་བྱེད་པ་ཞིག་བྱ་དགོས། གཉིས་ནི་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཁང་གིས་ཏང་ཡོན་གྱི་དུས་རྒྱུན་རང་བཞིན་གྱི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་ཏང་ཡོན་གྱི་བྱང་ཚད་མཐོར་འདེགས་བྱ་དགོས། རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་དང་དྲིལ་སྒྲོག་པུའུ་ཡིས་ཏང་གི་དུས་དེབ་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་བྱ་བ་དེ་ཏང་ཡོན་གྱི་དུས་རྒྱུན་རང་བཞིན་གྱི་སློབ་གསོ་ལ་ཤུགས་སྣོན་པའི་ནང་དོན་གལ་ཆེན་དུ་བརྩིས་ནས་འཛིན་དགོས། ཏང་གི་དུས་དེབ་སློབ་སྦྱོང་བཟང་བོ་དང་བེད་སྤྱོད་བཟང་བོ་བྱས་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱི་ཁྲོད་དུ་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱ་དགོས། གསུམ་ནི་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཁང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཏང་འཛུགས་བྱ་བའི་ཉམས་མྱོང་ཁྱབ་སྤེལ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་ཏང་གི་འཛུགས་སྐྲུན་བྱ་བའི་ཚན་རིག་ཅན་གྱི་ཆུ་ཚད་མཐོར་འདེགས་བྱ་དགོས། ཏང་གི་དུས་དེབ་དེ་ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལ་ཁ་གཏད་པའི་ཆ་ནས། ཏང་གི་འཛུགས་སྐྲུན་བྱ་བ་དྲིལ་སྒྲོག་དང་ཏང་གི་འཛུགས་སྐྲུན་བྱ་བར་ཞབས་འདེགས་ཞུ་བའི་ལས་འགན་ཡོད། རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་དང་དྲིལ་སྒྲོག་པུའུ་ཡིས་ཧུར་བརྩོན་དང་རང་འགུལ་གྱིས་མཚོ་སྔོན《ཏང་གི་འཚོ་བའི》སྟེགས་བུ་འདི་བཀོལ་ནས་ས་ཁུལ་དང་སྡེ་ཁག་གི་སྔོན་ཐོན་ཉམས་མྱོང་དྲིལ་སྒྲོག་ཁྱབ་སྤེལ་བྱེད་པ་དང་། ནང་སྒོས་སུ་གནས་བབ་གསར་བའི་འོག་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་དྲིལ་སྒྲོག་བྱས་པའི་ཉམས་མྱོང་ཁྱབ་སྤེལ་བྱས་ནས། གཞི་རིམ་གྱི་ཏང་གི་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དཔྱད་གཞིར་འཛིན་པ་འདོན་སྤྲོད་བྱེད་པ་དང་། གཞི་རིམ་གྱི་ཏང་གི་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བའི་ཁྱོན་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་དགོས།

བཞི། ཞབས་ཕྱི་ལེགས་བཅོས་དང་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཀྱི་འགྲེམ་སྤེལ་སྤུས་ཀ་མཐོར་འདེགས་བྱེད་དགོས།

ས་གནས་སོ་སོའི་སྦྲག་སྲིད་སྡེ་ཁག་དང་སྦྲག་སྲིད་ཁེ་ལས་ཀྱིས་འདས་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་ཏུ་མུ་མཐུད་དུ་མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཀྱི་མངག་ཉོ་དང་སྐྱེལ་འདྲེན། བགོ་འགྲེམ། སྐྱེལ་བ་སོགས་ཀྱི་ལྷུ་ཚིགས་སོ་སོའི་ཞབས་ཕྱིའི་བྱ་བ་ལེགས་སྒྲུབ་བྱ་དགོས་པ་དང་། མི་འདྲ་བའི་བེད་སྤྱོད་བྱེད་མཁན་གྱི་དགོས་མཁོ་ལྟར་མངག་ཉོ་སྐབས་སུ་ལས་གཉེར་དུས་ཚོད་ཇེ་རིང་དུ་གཏོང་བ་དང་། མངག་ཉོ་ས་ཚིགས་མང་པོ་འཛུགས་པ། སྒོ་ཁར་སོང་ནས་མངག་ཉོ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཚད་ཆེ་ཤོས་ཀྱིས་ཀློག་པ་པོར་ཏང་གི་དུས་དེབ་མངག་ཉོ་བྱེད་པའི་ཐད་སྟབས་བདེ་བཟོས་ཏེ་ག་དུས་ག་པར་མངག་ཉོ་ཐོབ་ཏུ་འཇུག་དགོས། རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཧུར་ཐག་གིས་གནས་བབ་གསར་བའི་འོག་ཏང་གི་དུས་དེབ་འགྲེམ་སྤེལ་བྱ་བའི་བྱེད་ཐབས་གསར་བ་འཚོལ་ཞིབ་བྱེད་པ་དང་། མུ་མཐུད་དུ་གཅིག་བསྡུས་མངག་ཉོ་དང་བགོ་འགྲེམ། ཚབ་ནས་བསྡུ་ལེན་དང་མངག་ཉོ། རིག་གནས་དབུལ་སྐྱོར་སོགས་ཀྱི་གོ་ཆོད་པའི་འགྲེམ་སྤེལ་ཞབས་ཕྱིའི་བྱེད་ཐབས་ཁྱབ་སྤེལ་བྱེད་དགོས།།    

 

2017ལོའི་དུས་དེབ་དྲུག་པ།