ཀྲུང་གོའི་བྱིས་པའི་སློབ་གསོའི་འགྲོ་གྲོན་ནི་སའི་གོ་ལ་ཧྲིལ་བོའི་ཨང་དང་པོ་རེད།

ཉེ་ཆརHSBC(ཧུའེ་ཧྥུན་དངུལ་ཁང)གིས་སའི་གོ་ལ་ཧྲིལ་བོའི་སློབ་གསོའི་སྙན་ཞུ་གསར་བ་ཁྱབ་བསྒྲགས་བྱས་ཏེ། སའི་གོ་ལ་ཧྲིལ་བོ་ནས་ཡོང་བའི་རྒྱལ་ཁབ15ཡི་ཁྱིམ་བདག8481གི་སློབ་གསོའི་དངུལ་གཏོང་དང་སློབ་གསོའི་འདུ་ཤེས། བྱིས་པའི་སློབ་གསོའི་སྔོན་དཔག་སོགས་ཀྱི་ཕྱོགས་ལ་བརྟག་དཔྱད་དང་དབྱེ་ཞིབ་བྱས།

སྙན་ཞུའི་ནང་སའི་གོ་ལ་ཧྲིལ་བོའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་ཆ་སྙོམས་ཀྱི་སློབ་གསོའི་འགྲོ་གྲོན་སྡོམ་རྩིས་བྱས། དེའི་ཁྲོད། ཀྲུང་གོའི་ཞང་ཀང་ནི་ཨང་དང་པོ་སྟེ། ཆ་སྙོམས་ཀྱི་སློབ་གསོའི་འགྲོ་གྲོན་ཨ་སྒོར132161ལ་སླེབས་པ་དང་། དེ་ནི་གོ་ལ་ཧྲིལ་བོའི་ཆ་སྙོམས་འགྲོ་གྲོན་གྱི་ལྡབ3རེད། དེའི་འཕྲོ་ནི་སོ་ཏི་ཨ་རབ་དང་སིང་ཀ་ཕོར། ཨ་མེ་རི་ཁ་བཅས་རེད། སྙན་ཞུའི་ནང་ད་དུང་མཚོན་ཡོད་པ་ནི། ཀྲུང་གོའི་ཁྱིམ་བདག55%ཡིས་དངུལ་གསོག་དང་དངུལ་གཏོང་ངམ། ཡང་ན་ཉེན་སྲུང་བཅས་བྱས་ཏེ་བྱིས་པའི་སློབ་གསོ་ལ་གྲ་སྒྲིག་བྱེད་པ་དང་། ཁྱིམ་བདག43%གྱིས་དམིགས་བསལ་ཅན་གྱི་སློབ་གསོའི་དངུལ་གསོག་འཆར་གཞི་བཞག་ཡོད། གྲངས་ཀ་དེ་དག་ནི་རྒྱལ་ཁབ་གཞན་པ་ལས་མང་དྲགས་ཡོད། མི་སྒེར་གྱི་ཟུར་ཁྲིད་ཕྱོགས་ནས།  ཀྲུང་གོའི་ཕ་མ93%གྱིས་བྱིས་པར་སྒེར་གྱི་ཟུར་ཁྲིད་པ་གདན་འདྲེན་བྱེད་ཀྱིན་ཡོད་ལ། དེས་ཀྱང་འཛམ་གླིང་གི་ཨང་དང་པོ་ཟིན་ཡོད།།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་དྲིལ་བསྒྲགས་པུའུ། དཔལ་ཡོན་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་བྱས་ནས་བརྡ་ཐོ་བཏང་སྟེ།

2017ལོའི་དུས་དེབ་དྲུག་པ།