རང་ཞིང་གི་སྡེ་ཁག་9ཡི་ཆེད་དོན་ལྟ་སྐུལ་གྱིས་ལུགས་རྙིང་ལོ་སར་སྐབས་ཞིང་བའི་ལས་ཕོགས་ཆད་པའི་བྱ་བ་ལེགས་པོར་སྒྲུབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་ཞིང་ཆེན་ཡོངས་སུ་ཁེ་ལས་ཀྱིས་ལས་བཟོ་བའི་ལས་ཕོགས་ནར་འགྱངས་བྱེད་པའི་གནད་དོན་ཐག་གཅོད་འགོ་ཁྲིད་ཚོ་ཆུང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར2018ལོའི་ལོ་སར་གྱི་ཡར་སྔོན་དུ་རང་ཞིང་གི་འབྲེལ་ཡོད་ལས་ཁུངས་དག་གིས་ས་གནས་སོ་སོ་རུ་ཞིང་བ་ལས་བཟོ་བའི་ཟླ་ཕོགས་བྱིན་པའི་གནས་ཚུལ་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། ས་ཁུལ་སོ་སོར་ལྟ་སྐུལ་ནན་མོ་དང་ས་ཁུལ་སོ་སོའི་ལས་ཁུངས་དག་གིས་ལས་ཕོགས་ནར་འགྱངས་བཅོས་སྐྱོང་བྱ་བའི་གནས་ཚུལ་ལག་ལེན་མཐར་ཕྱིན་བྱས་ཏེ་ཞིང་བ་ལས་བཟོ་བ་དག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་མི་ཐེབས་པ་དང་སྤྱི་ཚོགས་བདེ་འཇགས་བརྟན་སྲུང་ལ་འགན་སྲུང་ཁག་ཐེག་བྱས་པ་རེད།

ཐེངས་འདིའི་ལྟ་སྐུལ་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་བསྐྲུན་ཐིན་སོགས་ལས་ཁུངས་9ཡིས་ལས་བྱེད་མི་སྣ་བསྡུ་རུབ་ཀྱིས་ལྟ་སྐུལ་ཚོ་ཆུང4རྩ་འཛུགས་བྱས་ཤིང་། བཟོ་བསྐྲུན་འཛུགས་བསྐྲུན་གྱི་ཁྱབ་ཁོངས་ལ་ལྟ་སྐུལ་ནན་མོ་བྱས་ཏེ་ཟླ་རེ་རེར་ཞིང་བ་ལས་བཟོ་བའི་ཟླ་ཕོགས་སྟེར་ཚད་གཏན་ཁེལ་བྱས་ཤིང་། ཞིང་བ་ལས་བཟོ་བའི་དངོས་མིང་ལམ་ལུགས་ལ་དོ་དམ་ལག་བསྟར་གྱིས་ཟླ་ཕོགས་འཐུས་ཚང་དུ་གཏོང་བར་འགན་སྲུང་མ་དངུལ་འཐུས་ཚང་དུ་བཏང་བ་བརྒྱུད་ཞིང་བ་ལས་བཟོ་བའི་ལས་ཕོགས་ཀྱི་ལས་རྩོལ་རིན་དངུལ་ལ་ཆེད་དོན་ཐོ་འགོད་དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ། སྲིད་གཞུང་གི་བཟོ་སྐྲུན་མ་འཇོག་རྣམ་གྲངས་ཐད་ཀྱི་ཞིང་བ་ལས་བཟོ་བའི་ལས་ཕོགས་ཆད་པའི་དོན་དངོས་གནས་ཚུལ་ཐག་གཅོད་ནན་མོ་བྱས་ཏེ། ལས་ཕོགས་ཐག་གཅོད་གཞུང་སྒྲུབ་ཁང་གིས་ལས་ཕོགས་ཆད་པའི་གྱོད་དོན་རྩིས་ཐོ་ཐོ་འགོད་བྱས་ཤིང་བརྡ་སྦྱོར་སྙན་ཞུ་ཞུ་འབུལ་གྱིས་གྱོད་དོན་སྒྲུབ་པའི་གནས་ཚུལ་ཐག་གཅོད་ནན་མོ་བྱས། ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ་དང་མིང་ཐོ་ནག་པོའི་ཁྲོད་འདེམས་པ། ཁྲིམས་འཛིན་མཐུད་སྦྲེལ་ནན་མོ་བྱེད་པ། སྤྱི་ཚོགས་ཧྲིལ་བོར་ཡོངས་བསྒྲགས་སོགས་ཀྱི་གནས་ཚུལ་སྤེལ། ས་གནས་ཁྱབ་ཁོངས་སུ་ལས་ཕོགས་ཆད་པའི་འགན་འཁྲིའི་གནས་ཚུལ་ཡང་དག་པར་བཟུང་ནས་སྲིད་འཛིན་ཁྲིམས་འཛིན་དང་ཉེན་དོན་ཁྲིམས་འཛིན་མཐུད་སྦྲེལ་གྱིས་ངལ་རྩོལ་འདུམ་གཅོད་སྡེ་ཁག་གི་སྒོ་བྱང་འགེལ་བ་སོགས་ཀྱི་ལྟ་སྐུལ་གཞུང་སྒྲུབ་དང་དེ་མིན་འགན་འཁྲིའི་གནས་ཚུལ་ལག་བསྟར་གྱིས་ས་གནས་སོ་སོར་ལས་ཕོགས་ནར་འགྱངས་ཀྱི་གནད་དོན་ལས་བྱུང་བའི་ཚོགས་སྤྱི་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་སྐབས་བསྟུན་གྱིས་ཐག་གཅོད་དང་འཐུས་ཚང་ཅན་དུ་བཏང་བ་རེད།

ལྟ་སྐུལ་ཞིབ་བཤེར་བྱས་པ་བརྒྱུད་རིམ་པ་སོ་སོའི་གནོན་ཤུགས་བརྒྱུད་སྤྲོད་བརྒྱུད་བྱ་བའི་འགན་འཁྲི་བྱ་བ་དང་བྱ་བའི་སྟོབས་ཤུགས་ཟུང་འབྲེལ་གྱིས་ཆེད་དོན་ལྟ་སྐུལ་བྱ་བའི་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ལེན་པར་འགན་ལེན་བྱས་ཏེ། དུས་ཆེན་གཉིས་ཀྱི་སྐབས་སུ་མདུན་སྐྱོད་དང་ཞིང་བ་ལས་བཟོ་བའི་ལས་ཕོགས་ནར་འགྱངས་ཀྱི་ཆེས་གཞི་རྩའི་གྱོད་དོན་དེ་དག་རེ་རེ་བཞིན་ཐག་གཅོད་བྱེད་པར་འགན་སྲུང་ཐག་ཐེག་བྱས། ཚོགས་སྤྱི་རང་བཞིན་གྱི་དོན་དག་ལ་འོས་འཚམ་གྱི་ཐག་གཅོད་ནན་མོ་བྱས་ཤིང་ངལ་རྩོལ་ལས་ཕོགས་ཐད་ཀྱི་གྱོད་དོན་རེ་རེ་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་ཀྱིས་ཐག་གཅོད་བྱས་ཏེ། ཞིང་བ་དག་གི་ལོ་གཅིག་ལ་དཀའ་སྡུག་མྱངས་ནས་ཐོབ་པའི་ལས་ཕོགས་བླངས་སྟེ་ཕྱིར་ཡུལ་ལ་ལོག་པ་མ་ཟད། རྒྱ་ཆེའི་ངལ་རྩོལ་མཁན་དག་གི་ལས་ཕོགས་སྟེར་བའི་ཁེ་དབང་ལ་འགན་སྲུང་ཐོབ་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།