རང་ཞིང་གི་གྲོང་ཁྱེར་དང་ཁུལ8གྱིས་སྨན་བཅོས་འགན་སྲུང་རིག་ནུས་ལྟ་སྐུལ་མ་ལག་བེད་སྤྱོད་ཚོད་ལྟའི་འགོ་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཉེ་ལམ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྨན་བཅོས་འགན་སྲུང་གཞུང་སྒྲུབ་ཁང་ནས་ཡུལ་དངོས་མ་ལག་སྒྲིག་འཇུག་སྙོམས་སྒྲིག་དང་གསབ་སྦྱོང་བྱ་བ་ལས་རྒྱུས་ལོན་བྱས་པ་ལྟར་ན། ད་ལྟའི་དབར་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར8གྱིས་བརྡ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ལྟ་སྐུལ་ཞིབ་བཤེར་མ་ལག་དེ་ཁྱོན་ཡོངས་ནས་ཚོད་ལྟའི་ངང་བེད་སྤྱོད་བྱེད་པའི་སྐས་རིམ་དུ་སླེབས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། མ་ལག་དེས་ཁྱོན་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་བརྡལ་ལས་བཟོ་བ་དང་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་དང་ནད་ཚབས་ཆེན་གྱི་འགན་ལེན་སོགས་ལ་ཁྱོན་ཡོངས་ནས་ལྟ་སྐུལ་ནན་མོ་བྱས་ཤིང་སྨན་བཅོས་སྒྲིག་འཛུགས་ལས་ཁུངས་གཏན་ཁེལ་གྱིས་སྨན་བཅོས་འགན་སྲུང་དང་སྨན་པའི་ཞབས་ཞུའི་བྱ་སྤྱོད། སྨན་བཅོས་ཟབ་ཞུགས་མི་སྣའི་སྨན་བཅོས་བྱ་སྤྱོད་སོགས་ལ་གཅིག་གྱུར་གྱིས་ཁྱོན་ཡོངས་ནས་སྨན་བཅོས་མ་དངུལ་གྱི་འཁོར་རྒྱུགས་གནས་ཚུལ་གཅིག་གྱུར་གྱིས་ལྟ་སྐུལ་དོ་དམ་བྱས་པ་རེད།

རང་ཞིང་གི་སྨན་བཅོས་འགན་སྲུང་རིག་ནུས་ལྟ་སྐུལ་ཞིབ་བཤེར་མ་ལག་དེ་ད་ལྟ་འགན་བཅོལ་བྱས་པའི་སྨན་བཅོས་བརྡ་འཕྲིན་གྱི་མ་ལག་གཞིར་བཟུང་ནས་རང་ཞིང་གི་སྨན་བཅོས་འགན་སྲུང་ལྟ་སྐུལ་དོ་དམ་བརྩི་སྲུང་གིས་དེང་རབས་ཅན་གྱི་རྩིས་འཁོར་བརྡ་འཕྲིན་ལག་རྩལ་བེད་སྤྱད་ནས་གཏན་ཁེལ་བྱས་པའི་མ་ལག་སྒྲིག་འཛུགས་བརྒྱུད་སྨན་བཅོས་རྩིས་ཕྲའི་གཞི་གྲངས་ཁྲོད་ཀྱི་སྨན་བཅོས་འགན་སྲུང་རྩིས་ཐོ་དེ་རང་འགུལ་གྱིས་བརྒྱ་ཆའི་བརྒྱ་ལ་རྩིས་བཤེར་བྱེད་ཐུབ། དེ་མིན་དོ་ཁུར་བྱེད་པའི་རིགས་བཀར་རང་བཞིན་གྱི་ཞག་སྡོད་དང་མ་དངུལ་ཚད་ལེན་ཕྱིར་གཏོང་། སྨན་འབོར་ཆེན་འཐུང་བ། འོས་འཚམ་མིན་པའི་མ་དངུལ་བསྡུ་རུབ་བྱེད་པ། ཡང་བསྐྱར་བརྟག་དཔྱད་བྱེད་པ་སོགས་རྒྱུན་ལྡན་མ་ཡིན་པའི་སྨན་བཅོས་བརྡ་འཕྲིན་གཙོ་བོ་རིགས་བཀར་དབྱེ་ཞིབ་བྱས་ནས་སྨན་བཅོས་གཞུང་སྒྲུབ་ཁང་དུ་ཁྲིམས་འགལ་གསལ་འདེབས་དང་མི་ཕན་ཚུན་བར་གྱི་རྩོད་རྙོག་བྱེད་ཐབས་མེད་པར་བཏང་སྟེ་ཞག་སྡོད་སོགས་ཀྱི་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ལ་ཁྱོན་ཡོངས་ནས་བརྙན་མིག་བརྒྱུད་དེ་ལྟ་སྐུལ་ཚད་ལེན་བྱེད་པ་མངོན་འགྱུར་བྱས་པ་རེད།

མ་ལག་སྒྲིག་ཆས་ཆ་ཚང་དེ་བེད་སྤྱད་བྱས་པ་བརྒྱུད་ཚབས་ཆེ་ས་ནས་རང་ཞིང་གི་སྨན་བཅོས་འགན་སྲུང་ཐད་ཀྱི་འགན་འཁེལ་རང་བཞིན་དང་ཚན་རིག་རང་བཞིན་གྱི་དོ་དམ་བྱེད་ནུས་ལ་ཚད་ཆེ་ས་ནས་སྐུལ་འདེད་ངེས་ཅན་ཐོབ་པ་དང་སྨན་བཅོས་ལྟ་སྐུལ་དོ་དམ་བྱ་བའི་ནུས་ཆོད་མཐོར་འདེགས་སུ་བཏང་ཡོད། འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལས་ཤེས་གསལ་ལྟར་ན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིབ་བཤེར་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ་རྨང་གཞིའི་གཞི་གྲངས་བདེ་ཐང་ཅན་དུ་བཏང་ནས་ཞིབ་བཤེར་ཁ་གྲངས་ལ་ཤུགས་བསྣན་ནས་མ་ལག་གིས་དབྱེ་ཞིབ་བྱེད་པའི་རྣམ་གཞག་བྱེད་ཐབས་དེ་སྔར་ལས་འཐུས་ཚང་ཅན་དུ་བཏང་། གོམ་གང་མདུན་སྤོས་ཀྱིས་མ་ལག་གི་འཁོར་སྐྱོད་ནུས་ཆོད་ཡང་མཐོར་འདེགས་སུ་བཏང་ཡོད། ཁ་གཏད་རང་བཞིན་གྱིས་སྨན་བཅོས་འགན་སྲུང་དོ་དམ་ཁྲོད་ཀྱི་འབུར་ཐོན་གནད་དོན་གཞིར་བཟུང་ནས་ཐག་གཅོད་བྱས་ཡོད། སྨན་བཅོས་ཞབས་ཞུའི་ལྟ་སྐུལ་དོ་དམ་བྱ་བ་དེ་སྨན་བཅོས་ཞབས་ཞུའི་ལས་ཁུངས་ཀྱིས་སྔ་གཞུག་དུ་ལྟ་སྐུལ་དོ་དམ་བྱས་པ་བརྒྱུད་རིམ་བཞིན་སྨན་བཅོས་ཞབས་ཞུའི་ཁྲོད་དུ་ལྟོས་བཅོས་ཀྱིས་ལས་དོན་གྱི་གོ་རིམ་དང་དུས་ལྟར་གསལ་འདེབས་བྱས་པ་བརྒྱུད་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་བྱུང་བར་ཕྱིར་གཤོལ་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།