ཚ་འདམ་ཆེ་བ་སྲིད་གཞུང་གིས་དཀའ་ཁག་ཆེ་བའི་མང་ཚོགས་ལ་དགུན་ཁར་དྲོད་ཁོལ་བསྐྱལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། དགུན་གྱི་དུས་ཚིགས་སླེབས་པ་དང་བསྟུན་ནས་ཚ་འདམ་ཆེ་བ་སྲིད་གཞུང་གི་བཟོ་ལས་སྲིད་འཛིན་ཨུ་ཡོན་གྱིས་ལས་བཟོ་བ་དག་གི་སྟོབས་ཤུགས་སྣ་ཚོགས་བསྡུ་རུབ་བྱས་ཏེ། དབུལ་སྐྱོར་དང་དཀའ་ཁག་སེལ་བ། དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པ་བཅས་དམ་འཛིན་གྱིས་འགན་འཁྲིའི་བྱེད་ཐབས་མི་འདྲ་བར་ཤུགས་བསྣན་ནས་ཁྱིམ་ཚང་སོ་སོར་རྩད་གཅོད་བྱེད་པ་དང་མ་དངུལ་གཏོང་ཚད་ཆེས་ཆེར་གཏོང་བ། སྲིད་ཇུས་ལག་བསྟར་བྱེད་པ་བཅས་ཀྱིས་སྤྱི་ཚོགས་ཀྱི་རོགས་སྒྲུབ་ཐད་བརྩོན་ལེན་གྱིས་འཚོ་བའི་ཁ་གསབ་སོགས་ཀྱི་འབྲེལ་ཡོད་བྱ་བ་དེ་དག་མང་ཚོགས་ཀྱི་དོན་དངོས་ཁེ་ཕན་དང་མཐུན་པའི་བྱ་བ་ཞིབ་ཚགས་ཀྱིས་སྒྲུབ་ནས་ཏན་ཏིག་གིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་བརྩེ་དྲོན་མོ་དཀའ་ཁག་ཆེ་བའི་མང་ཚོགས་ལ་གནང་བ་རེད།

རྩད་གཅོད་ནན་མོ་བྱས་ཏེ་སྤྱི་ཚོགས་ཀྱི་མྱུར་སྐྱོབས་ལ་ཤུགས་སྣོན་བྱས་པ། ཁྱོན་ཡོངས་ནས་ས་ཁུལ་དེའི་གྲོང་བརྡལ་དང་སྡེ་བ། གཞིས་ཁུལ། ཁེ་ལས་བཅས་ཀྱི་དཀའ་ཁག་ཆེ་བའི་མང་ཚོགས་ལ་རྩད་གཅོད་ནན་མོ་བྱས་ཏེ་ལྔ་སྐྱོང་ཁྱིམ་ཚང་དང་འགན་སྲུང་དམའ་བའི་ཁྱིམ་ཚང་། དཀའ་ཁག་ཆེ་བའི་ཁྱིམ་ཚང་དག་གི་མང་ཚོགས་ཀྱི་འབོད་སྐད་གཙོ་བོར་བཟུང་ནས་ཤུགས་གང་ཡོད་ཀྱིས་སྒྲིག་གཞིའི་དོ་དམ་ནུས་ལྡན་སྒྲིག་གཞི་ལྟར་ཁྱིམ་ཚང་གི་གནས་ཚུལ་དངོས་དང་དཀའ་ཁག་རྒྱུ་རྐྱེན་གསལ་བ། བསམ་བློའི་གཏོང་ཕྱོགས་གསལ་བ། དབུལ་སྐྱོར་དགོས་མཁོ་གསལ་བ་སོགས་ཧུར་བརྩོན་གྱིས་བཙལ་བ་རེད། དུས་མཉམ་དུ་རིགས་སོ་སོའི་དམངས་ཕན་སྲིད་ཇུས་གཟབ་ནན་གྱིས་ལག་བསྟར་བྱས་ཏེ་སྤྱི་ཚོགས་ཀྱི་རོགས་སྐྱོར་མ་དངུལ་ཧུར་ཐག་གིས་ཕྱིར་བཏང་བ་རེད། མིག་སྔའི་བར་ཁྱིམ་ཚང121ལ་དྲོད་རླངས་ཁ་གསབ་རོགས་དངུལ་སྒོར་ཁྲི12.04དང་དཀའ་ཁག་ཆེ་བའི་མང་ཚོགས་རང་བཞིན་གྱི་ཁྱིམ་ཚང116ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི7.2བྱིན། ས་ཁུལ་ཡོངས་ཀྱི་ཁྱིམ་ཚང116གི་འགན་སྲུང་དམའ་བའི་ཁྱིམ་ཚང160ལ་འཚོ་བའི་འགན་སྲུང་མ་དངུལ་སྒོར་ཁྲི6.41གནང་། གནས་སྐབས་མྱུར་སྐྱོབས་མི་5དང་མ་དངུལ་སྒོར་ཁྲི0.91གནང་། ནད་པ་ཚབས་ཆེན་གྱི་ཁྱིམ་ཚང4ཡི་མི་4ལ་མ་དངུལ་སྒོར་ཁྲི2.37གནང་བ་རེད།

དབང་བོ་སྐྱོན་ཅན་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་རམ་བྱས་ཏེ་མང་ཚོགས་ཀྱི་ཁེ་དབང་ལ་འགན་སྲུང་བྱས་པ། རིམ་པ་སོ་སོའི་འགན་སྲུང་སྲིད་ཇུས་ནན་ཏན་སྒོས་ལག་ལེན་དངོས་འབབ་བྱས་ཤིང་། རོགས་རམ་དང་རོགས་སྐྱོར་གྱི་སྒྲིག་གཞི་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས་དུས་ལྟར་ཁྱོན་ཡོངས་ནས་དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་སྐྱོར་བྱས་ཏེ། དབང་བོ་སྐྱོན་ཅན་དང་ནང་སྒོས་སུ་འཚོ་བར་དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་ལ་དགུན་དུས་ཀྱི་གྲང་ངར་བསྐྱལ་རོགས་བྱེད་པར་འགན་སྲུང་ཁག་ཐེག་བྱས། མིག་སྔའི་བར་དབང་བོ་སྐྱོན་ཅན107ལ་དགུན་དུས་སུ་དྲོད་རླངས་ཁ་གསབ་རོགས་དངུལ་སྒོར་ཁྲི7.49གནང་བ་དང་རང་བདག་ལས་གཏོད་དང་རང་བདག་ལས་རིགས་ཀྱི་མི་སྣ19ལ་ཁ་གསབ་རོགས་དངུལ་སྒོར་ཁྲི12.6གནང་། དེ་བཞིན་དུ་རིམ་པ་ཡངས་བའི་དབང་བོ་སྐྱོན་ཅན109དང་ཅུང་ལྕི་བའི་དབང་བོ་སྐྱོན་ཅན67ལ་འཚོ་བའི་ཁ་གསབ་རོགས་དངུལ་ཁྲི9.06དང་སྒོར་ཁྲི12.1གནང་། དབང་བོ་སྐྱོན་ཅན་སློབ་མ་དང་དབུལ་ཕོངས་དབང་བོ་སྐྱོན་ཅན་གྱི་སློབ་མ13ལ་སྒོར་ཁྲི128དང་མི67ལ་འབར་སྣུམ་ཁ་གསབ་རོགས་དངུལ་སྒོར་ཁྲི292གནང་།

གཙོ་གནད་འབུར་དུ་བཟུང་ནས་གཉེན་ཉེ་ལྟ་བུའི་འབྲེལ་བ་ལྟར་འཚམས་འདྲི་གནང་བ། བཟོ་ལས་ཨུ་ཡོན་གྱི་ཁོངས་མི་དག་གི་སྣེ་ཁྲིད་འོག་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་པ་དག་གིས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཁྱིམ་ཚང་ལ་འཛུལ་ཏེ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་བསམ་འཆར་དང་རེ་འདོད་ལ་ཉན་ནས་དམངས་ཚོས་སྲིད་ཇུས་ལག་ལེན་དངོས་འབབ་རིམ་པ་སོ་སོར་རྒྱུས་ལོན་ཟབ་མོ་བྱས་ཤིང་། ཁྱད་པར་དུ་འགན་སྲུང་དམའ་བའི་ཁྱིམ་ཚང་དང་ཚད་རིམ་མཐོ་བའི་དབང་བོ་སྐྱོན་ཅན། ལོ་ལོན། དམིགས་གསལ་རོགས་སྐྱོར་ཐོབ་པ་སོགས་དམངས་ཕན་སྲིད་ཇུས་མང་པོ་ལག་ལེན་དུ་བསྟར་བ་རེད། མིག་སྔའི་བར་དཀའ་ཁག་ཆེ་བའི་ཁྱིམ་ཚང25ལ་འཚམས་འདྲི་བྱེད་དུ་སོང་སྟེ་བསམ་འཆར་དང་རེ་འདུན་མི་འདྲ་བ7ལ་གསན་ཉན་བྱས། འཚམས་འདྲིའི་རོགས་སྐྱོར་མ་དངུལ་སྒོར་ཁྲི2.5མར་གནང་བ་རེད། དུས་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དྲིལ་སྒྲོག་དང་འགྲེལ་བཤད་བྱ་བ་ཡང་ནན་ཏན་གྱིས་སྒྲུབ་ནས་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དམངས་སེམས་ལ་ཟུག་པར་འགན་སྲུང་དང་ཁག་ཐེག་བྱས།

 ལོ་ཙཱ་བ། ལྷ་དཔལ་སྐྱབས།