མཚོ་ནུབ་ཁུལ་གྱིས་ལས་ཀ་བར་ཆད་འགྱངས་བྱས་པའི་སྒོར་ཁྲི2931.75གཙང་སྤྲོད་བྱས་ཏེ་དམངས་སེམས་ལ་དྲོད་ཁོལ་སྦྱིན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ངལ་རྩོད་པའི་འགན་སྲུང་ལྟ་ཞིབ་བྱ་བ་ཤུགས་ཆེན་པོས་གཞི་རིམ་དུ་སྐུལ་འདེད་བྱས་ཏེ།   རྒྱ་ཆེའི་ཞིང་བ་ལས་ཀ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་གཙོ་གནད་དུ་བཟུང་སྟེ2017ལོའི་ལོ་མཇུག་བར་དུ། ཞིང་བ་ལས་ཀ་བའི་གླ་ཕོགས་ཆད་འགྱངས་བྱས་པའི་ཞུ་གཏུག་གྱོད་གཞི་བསྡོམས་པས303ཞིབ་བཤེར་ཐག་གཅོད་བྱས་ལ།  ཞིང་བ་ལས་ཀ་བ3022ཀྱི་ཆད་འགྱངས་མ་དངུལ་སྒོར་ཁྲི2931.75གཙང་སྤྲོད་བྱས་ཏེ་གཙང་སྤྲོད་ཚད99.6%ལ་སླེབས།  

 ལས་ཀ་བའི་གླ་ཕོགས་ཆད་འགྱངས་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་ཁྲོད།  མཚོ་ནུབ་ཁུལ་གྱིས“ཁོངས་གཏོགས་དོ་དམ་དང་རིམ་པ་བགར་ནས་འགན་ཁུར་བ།   དོ་དམ་པ་གཙོ་བོ་སུ་ཡིན་ན་དེས་འགན་ཁུར་བའི”རྩ་དོན་གཞིར་བཟུང་སྟེ།   ཁུལ་གྱི་མངའ་ཁོངས་ནས་ལས་ཀ་བ་ཅུང་མང་བའི་ཨར་ལས་འཛུགས་སྐྲུན་དང་གཏེར་རིའི་ཁེ་ལས།  བཟའ་བཏུང་ཞབས་ཞུ། རྣམ་པ་ཆུང་འབྲང་གི་ངལ་རྩོལ་པ་འདུ་སའི་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་སོགས་ལ་ཤུགས་ཆེན་པོས་ཞིབ་བཤེར་བྱས་ཏེ་ཆད་འགྱངས་ཀྱི་གནད་དོན་ཡོད་ཚེ་དུས་ལྟར་ཐག་གཅོད་བྱས།   ལས་རིགས་གཙོ་བོ་དང་ས་ཁོངས་གཙོ་བོ་ནས་གླ་ཕོགས་ཆད་འགྱངས་ཀྱི་གནད་དོན་ཡོད་པའི་བཀོལ་མི་ལས་ཁུངས་ལ་ཁ་གཏད་རང་བཞིན་གྱི་ཆེད་དོན་ཞིབ་བཤེར་བྱས་ཏེ་ཁེ་ལས་ཀྱི་ཚད་ལྡན་གླ་ཕོགས་གཏོང་སྤྲོད་དང་དུས་ལྟར་གླ་ཕོགས་སྟེར་བར་འགན་ལེན་བྱས།    དེའི་སྐབས་སུ་མཚོ་ནུབ་ཁུལ་གྱིས་བསྡོམས་པས་བཀོལ་མི་ལས་ཁུངས584དང་ལས་རྩོལ་བ་ཁྲི3.08ལ་བརྟག་དཔྱད་བྱས།  ཆེས་དམའ་བའི་གླ་ཕོགས་གཏན་འབེབས་ལས་འགལ་བ་དང་གླ་ཕོགས་ཆད་འགྱངས་བྱས་པའི་གྱོད་གཞི45དང་མ་དངུལ་ཁྲི496.6ཞིབ་བཤེར་བྱས།  གླ་ཕོགས་སྒོར་ཁྲི495.53བཀའ་ཕབ་ནས་སྟེར་དུ་བཅུག   ཁྱིམ་ཚང2010སྐུལ་འདེད་བྱས་ཏེ་སྤྱི་ཚོགས་ཉེན་སྲུང་ལ་ཐོ་འགོད་བྱེད་དུ་བཅུག་པ་དང་སྤྱི་ཚོགས་ཉེན་སྲུང་གྲོན་དངུལ་སྒོར་ཁྲི8.42སྐུལ་འདེད་བྱས་ཏེ་སྤྲོད་དུ་བཅུག

ན་ནིང་མཚོ་ནུབ་ཁུལ་གྱིས་ལས་ཀ་བའི་གློ་ཕོགས་ཀྱི་ཁག་ཐེག་མ་དངུལ་སྒོར་དུང་ཕྱུར1.43སྤྲད་དེ་སྒོར་ཁྲི5139ཕྱིར་བྱིན་ལ་ལས་ཀ་བའི་གླ་ཕོགས་སྒོར་ཁྲི1172བྱིན་པ་རེད།    ངལ་རྩོལ་པའི་འཚོ་བའི་དཀའ་ཁག་གི་མཁོ་བསྟུན་མ་དངུལ་ཐག་གཅོད་བྱ་ཆེད་ངལ་རྩོད་པ་དང་མ་རྩ་གཏོང་མཁན་བར་གྱི་འགལ་བ་ནུས་ལྡན་གྱིས་བཀག་སྡོམ་བྱས།    མཚོ་ནུབ་ཁུལ་གྱིས《མཚོ་ནུབ་ཁུལ་གྱི་གླ་ཕོགས་ཆད་འགྱངས་ཀྱི་མཁོ་བསྟུན་འཁོར་རྒྱུག་མ་དངུལ་དོ་དམ་བྱེད་ཐབས》ཕྱིར་བཏོན་ཏེ། གྲོང་ཁྱེར་རིམ་པ་སྒོར་ཁྲི300ལས་མི་ཉུང་བ་དང་རྫོང་རིམ་པ་སྒོར་ཁྲི200ལས་མི་ཉུང་བ། སྲིད་འཛིན་ཨུ་ལྷན་སྒོར་ཁྲི100ལས་མི་ཉུང་བའི་ཆད་འགྱངས་འཁོར་རྒྱུག་མ་དངུལ་གྱི་གྲབས་གསོག་ཚད་གཞི་གཞིར་བཟུང་སྟེ།   ཁེ་ལས་ཀྱི་གསོག་འཇོག་དང་སྲིད་གཞུང་གི་རོགས་སྐྱོར་བརྒྱུད་ནས་གླ་ཕོགས་ཆད་འགྱངས་སྔོན་འགོག་གི་བྱ་བ་སྔར་ལས་སྲ་བརྟན་དུ་བཏང་།