ཝང་དབྱང་གིས་ཨ་མེ་རི་ཁའི་མགྲོན་པོར་མཇལ་འཕྲད་གནང།

ཟླ་དང་པོའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་རྒྱལ་ཡོངས་ཚོང་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གིས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་རྒྱལ་ཡོངས་ཚོང་ཚོགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཝང་དབྱང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁ་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་དཔལ་འབྱོར་ཚོགས་པ་གཉིས་ཡིན་ལ། ཁྱབ་ཆེ་བའི་ཐུན་མོང་གི་ཁེ་ཕན་ལྡན་པར་མ་ཟད། མཉམ་ལས་བྱེད་པ་ནི་ཕྱོགས་གཉིས་ཀྱི་ཡང་དག་པའི་གདམ་གསེས་ཡིན། ན་ནིང་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་ཕན་འབྲས་ལྡན་པའི་ངང་འཚམས་འདྲི་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་བཏང་ཟེར། ཁོས་གིས་ཨ་མེ་རི་ཁའི་རྒྱལ་ཡོངས་ཚོང་ཚོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་རྒྱུས་ལོན་དང་འགྲོ་འོང་མཉམ་ལས་བཅས་ལ་ཤུགས་སྣོན་པར་ནུས་པ་བཟང་བོ་འདོན་སྤེལ་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཡུན་རིང་བརྟན་འཇགས་དང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།