ཀྲང་ཏི་ཅང་གིས་ཡོ་རོབ་གླིང་བྱང་མ་དང་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱི་གྲོས་དཔོན་ལ་མཉམ་དུ་གྲོས་མོལ་མཛད།


ཟླ་དང་པོའི་ཚེས་བརྒྱད་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་བྱང་མ་དང་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱི་གྲོས་ཁང་གི་འགོ་ཁྲིད་པར་མཉམ་དུ་གྲོས་མོལ་མཛད། ཧྥིན་ལན་གྱི་གྲོས་དཔོན་ལོ་ཧི་ལཱ་དང་། ནོར་ཝེ་ཡི་གྲོས་དཔོན་ཐོ་མཱ་སིན། འཁྱག་གླིང་གི་གྲོས་དཔོན་ཞི་ཀི་ཧྥུའུ་སུང་། ཨེ་སོ་ནི་ཡའི་གྲོས་དཔོན་ནེ་སི་ཐོར། ལཱ་ཐེ་ཝེ་ཡའི་གྲོས་དཔོན་མུའུ་ཨར་ནེ་ཚེ། ལི་ཐུ་ཝན་ནི་ཡའི་གྲོས་དཔོན་ཕུའུ་ལན་ཚིས་ཁའེ་ཏེ་སི། སུའེ་ཏེན་གྱི་གྲོས་དཔོན་གཞོན་པ་དང་པོ་ཧྥིན་ནེ་སོགས་གྲོས་མོལ་ལ་ཞུགས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་བྱང་མ་དང་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱི་གྲོས་ཁང་གི་འགོ་ཁྲིད་པར་མཉམ་དུ་གྲོས་མོལ་མཛད། ཧྥིན་ལན་གྱི་གྲོས་དཔོན་ལོ་ཧི་ལཱ་དང་། ནོར་ཝེ་ཡི་གྲོས་དཔོན་ཐོ་མཱ་སིན། འཁྱག་གླིང་གི་གྲོས་དཔོན་ཞི་ཀི་ཧྥུའུ་སུང་། ཨེ་སོ་ནི་ཡའི་གྲོས་དཔོན་ནེ་སི་ཐོར། ལཱ་ཐེ་ཝེ་ཡའི་གྲོས་དཔོན་མུའུ་ཨར་ནེ་ཚེ། ལི་ཐུ་ཝན་ནི་ཡའི་གྲོས་དཔོན་ཕུའུ་ལན་ཚིས་ཁའེ་ཏེ་སི། སུའེ་ཏེན་གྱི་གྲོས་དཔོན་གཞོན་པ་དང་པོ་ཧྥིན་ནེ་སོགས་གྲོས་མོལ་ལ་ཞུགས།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་བྱང་མ་དང་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་བར་དུ་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ཡོད་པ་དང་། མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཡོད། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་སོ་སོས་ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པས། མཉམ་ལས་འཕེལ་རྒྱས་ཀྱི་གནས་བབ་ཧ་ཅང་བཟང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་གླིང་བྱང་མ་དང་། པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད་ལ། ཀྲུང་གོས་ཡོ་རོབ་གླིང་བྱང་མ་དང་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་དུ། ཕན་ཚུན་བརྩི་བཀུར་བྱེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། བཟོད་སྒོམ་དང་སློབ་སྦྱོང་བྱེད་པའི་འདུ་ཤེས་བཅངས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་བཟང་པོ་གཏོང་འདོད་ཡོད་ཟེར།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཐེངས་འདིར་རྒྱལ་ཁབ་སོ་སོའི་གྲོས་ཁང་གི་འགོ་ཁྲིད་པས་མཉམ་དུ་ཀྲུང་གོར་འཚམས་འདྲི་བྱས་པ་ནི་ཕྱོགས་གཉིས་ཀྱི་འགྲོ་འོང་ཐད་ཀྱི་གསར་གཏོད་གལ་ཆེན་ཞིག་ཡིན་ལ། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་པའི་འདུན་པ་དྲག་པོ་མཚོན་ཡོད། ཕྱོགས་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་དགོས་ན། གཅིག་ནི་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་ནས། མཉམ་ལས་ཀྱི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གཉིས་ནི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། མཉམ་ལས་ཀྱི་བཅའ་ཁྲིམས་རྨང་གཞི་འཐུས་ཚང་དུ་གཏོང་དགོས། གསུམ་ནི་རིག་གནས་བརྗེ་རེས་ལ་ཡར་སྐུལ་བྱས་ཏེ། མཉམ་ལས་ཀྱི་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

ཀྲང་ཏི་ཅང་གིས་ད་དུང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གནས་ཚུལ་མཚམས་སྦྱོར་མཛད།

རྒྱལ་ཁབ་སོ་སོའི་གྲོས་ཁང་གི་འགོ་ཁྲིད་པས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་རྗེས་ཀྲུང་གོར་འཚམས་འདྲིར་ཡོང་ཐུབ་པར་དགའ་སྤྲོས་ཁེངས་ཡོད་པ་དང་། ཀྲུང་གོས་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཕྲག་ཏུ་ཁུར་བའི་རྒྱལ་སྤྱིའི་ལས་འགན་གལ་ཆེན་ལ་ཡིད་སྨོན་བྱེད་བཞིན་ཡོད། ཡོ་རོབ་གླིང་བྱང་མ་དང་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ལག་རྡང་མཉམ་སྦྲེལ་གྱིས་ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། ནམ་ཟླའི་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་བ། ཕྱོགས་མང་གི་མཐུན་སྦྱོར་གཞོགས་འདེགས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཝང་ཁྲིན་གྲོས་མོལ་ལ་ཞུགས།