ཞིང་ཆེན་ཡོངས་སུ་མཁར་གྲོང་གི་སྡོད་ཁང་གནས་ཚུལ་ལ་བརྟག་དཔྱད་ཚད་ལེན་ཡོངས་འགྲུབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་རང་ཞིང་གིས་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་གི་སྡོད་ཁང་གནས་ཚུལ་ལ་བརྟག་དཔྱད་ཚད་ལེན་སྙན་ཞུ་བརྒྱུད་མཁར་གྲོང་གི་སྡོད་ཁང་དང་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་གཞིས་སྡོད་བཟོ་སྐྲུན། རོང་འབྲོག་ས་ཁུལ་གྱི་སྡོད་ཁང་བཅས་རིགས་གསུམ་དུ་བགོས་ནས་སྙན་ཞུ་ཕུལ། འདིས་ཉེ་བའི་ལོ་ངོ་གཅིག་རིང་གི་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་གི་གནས་ཚུལ་ལ་བརྟག་དཔྱད་ཚད་ལེན་བྱེད་པའི་བྱ་བ་དེ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་མཚོན་ཡོད།

མཁར་གྲོང་གི་སྡོད་ཁང་འཛུགས་བསྐྲུན་གྱི་ལོ་ངོ30ཡི་བྱ་བའི་ཉམས་མྱོང་དེ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་སྡོད་ཁང་གི་རྨང་གཞི་གསལ་རྟོགས་བྱེད་པ། ཚན་རིག་གི་འཆར་འགོད་ལོ་ངོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྗེས་ཀྱི་ལོ་ངོ་གསུམ་དང་ལོ་ངོ་ལྔའི་འཆར་གཞི་བཅུ་བཞི་བའི་དུས་སྐབས་སུ་མཁར་གྲོང་སྡོད་ཁང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་རྒྱ་ཁྱོན་དེ2017ལོའི་ཟླ2པ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་བཀོད་སྒྲིག་གང་ལེགས་ཀྱིས་མཁར་གྲོང་སྡོད་ཁང་གི་བརྟག་དཔྱད་ཚད་ལེན་བྱ་བ་ལེགས་པོར་སྒྲུབ། གསར་འགོད་པས་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་བསྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁྱོན་ཡོངས་ནས་ཐེངས་འདིའི་བྱ་བ་ལེགས་པོར་སྒྲུབ་པ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་མཁར་གྲོང་གི་སྡོད་ཁང་གནས་ཚུལ་ལ་བརྟག་དཔྱད་ཚད་ལེན་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གསར་འཛུགས་བྱེད་ཆེད། ཉིན་བརྒྱའི་སྲ་བརྟན་གྱི་ལས་འགུལ་ཁྲོད་འགོ་ཁྲིད་ཚོ་ཆུང་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཧྲིལ་བོའི་མཁར་གྲོང་གི་སྡོད་ཁང་ལ་བརྟག་དཔྱད་བྱ་བ་ལག་བསྟར་བྱེད་པའི་ཇུས་གཞིའི་མ་ཕྱི་བྲིས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་སྐུལ་སློང་དང་རྩ་འཛུགས་བྱེད་པའི་ཚོགས་ཆེན་བསྡུས་ཤིང་། ས་གནས་སོ་སོར་བརྟག་དཔྱད་དང་གསབ་སྦྱོང་གནང་བ་བརྒྱུད་གཅིག་གྱུར་སྒོས་སྡོད་ཁང་གི་བརྟག་དཔྱད་བྱ་བ་དེ་གཅིག་གྱུར་གྱིས་སྒྲུབ་པ་རེད།

དུས་མཉམ་དུ་ཐེངས་འདིའི་རྒྱ་ཆེའི་མང་ཚོགས་ལ་སྐུལ་སློང་དང་བརྟག་དཔྱད་ཀྱིས་སྟོབས་ཤུགས་གང་ཡོད་འདོན་སྤྲོད་ཀྱིས་ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་མི་གྲངས་ཁྲི་ལྷག་ལ་བརྟག་དཔྱད་བྱ་བ་སྒྲུབ་དུ་བཅུག ས་གནས་སོ་སོའི་སྲིད་གཞུང་གིས་ད་རུང་སྲང་ལམ་དག་གི་གཞུང་སྒྲུབ་ཁང་བརྒྱུད་དེ་མཁར་གྲོང་སྲིད་གཞུང་དང་གཞིས་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་བཅས་སུ་གཞིས་ཁུལ་གྱི་སྲིད་འཛིན་སྡེ་བ་སོགས་སྐུལ་སློང་གིས་གཞིས་ལས་ཞབས་ཞུའི་ཁེ་ལས་སོགས་གཞི་རིམ་གྱི་སྟོབས་ཤུགས་ཁྲོད་ཧུར་ཐག་གིས་ཟབ་ཞུགས་དང་བརྟག་དཔྱད་ཚད་ལེན་བརྒྱུད་སྲང་ལམ་གྱི་ར་སྐོར་གཅིག་ཀྱང་ཆད་དུ་མི་འཇུག་པ་དང་མཁར་གྲོང་གི་སྡེ་བ་གཅིག་ཀྱང་ཆད་དུ་མི་འཇུག་པ། སྡེ་བ་དག་གི་ཁྱིམ་ཚང་ཆད་དུ་མི་འཇུག་པ། སྡོད་ཁང་དག་གི་ཁང་བ་ཆད་དུ་མི་འཇུག་པ་བཅས་ལེགས་པོར་སྒྲུབ་ནས་གཞིས་ཁུལ་གྱི་གཞིས་ལས་དོ་དམ་བྱ་བར་བརྟག་དཔྱད་གང་ལེགས་སྒོས་རླངས་འཁོར་འཇོག་ས་དང་དྲོད་རླངས་འདོན་སྤྲོད་ཐབས་ལམ། ཕྱིའི་ར་སྐོར་འཛུགས་བསྐྲུན་དང་དྲོད་ལྡན་དུ་གཏོང་བའི་གནས་བབ་སོགས་ལ་བརྟག་དཔྱད་སྒོས་གཞི་གྲངས་སྡོམ་རྩིས་བྱས་ཏེ་ཁྱོན་ཡོངས་ནས་ཡང་དག་པའི་ཚད་གཞི་ལ་འགན་སྲུང་ཁག་ཐེག་བྱས། གོམ་པ་རྗེས་མར་རང་ཞིང་གིས་མཁར་གྲོང་གི་སྡོད་ཁང་རྒྱ་ཁྱོན་དང་མཁར་གྲོང་གི་ཁང་བའི་སྤྱིའི་ཁ་གྲངས་སོགས་འབྲེལ་ཡོད་གཞི་གྲངས་གཞིར་བཟུང་སྟེ་བརྟག་དཔྱད་བྱས་པ་བརྒྱུད་འོས་འཚམ་གྱི་སྤྱི་བསྒྲགས་དང་གཞི་གྲངས་མཉམ་སྤྱོད་མངོན་གྱུར་བྱས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།