རྟ་ཐང་གིས་ཞིང་ལས་ཚན་རིག་སློབ་གསོའི་སྤྲིན་ལས་སྟེགས་བེད་སྤྱོད་འཛིན་གྲྭ་གཉེར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཉེ་སྔོན།  རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་ཉིན་གསུམ་རིང་གི་རྒྱལ་ཡོངས་ཀྱི་ཞིང་ལས་ཚན་རིག་སློབ་གསོའི་སྤྲིན་ལས་སྟེགས་བེད་སྤྱོད་ཟབ་སྦྱོང་འཛིན་གྲྭ་སྤེལ་བ་རེད། ཀྲུང་དབྱང་དང་ས་གནས།  རིགས་གཅིག་མཁས་ཅན་དང་ཞིང་ལས་ལག་རྩལ་པ། ཞིང་ལས་ལག་རྩལ་པ་དང་ཞིང་པ། ཞིང་པ་དང་ཐོན་ལས་བཅས་བར་གྱི་ཕན་ཆེ་བ་དང་སྟབས་བདེ་ཡིན་པའི་ཆ་འཕྲིན་ཅན་གྱི་འབྲེལ་ཟམ་ཧུར་ཐག་གིས་བཏོད་པ་དང་། རྒྱལ་ཡོངས་ཀྱི་ཞིང་ལས་ཚན་རིག་སློབ་གསོའི་སྤྲིན་ལས་སྟེགས་དང་ཀྲུང་གོའི་ཞིང་ལས་ལག་རྩལ་ཁྱབ་གདལ་APPསོགས་དེང་རབས་ཅན་གྱི་ཞིང་ལས་ཆ་འཕྲིན་དང་ཞིང་ལས་ལག་རྩལ་ཁྱབ་སྤེལ་ཞབས་ཞུའི་ཕན་འབྲས་སྔར་བས་མཐོ་རུ་བཏང་ནས་རྒྱ་ཆེའི་ཞིང་པ་རྣམས་“དྲ་སྦྲེལ+”གྱི་མགྱོགས་འཁོར་ལ་བསྡད་པ་དང་། “དྲ་སྦྲེལ་+ཞིང་ལས་ཚན་རྩལ་”གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་འགྱུར་བྱུང་བ་རེད།

རྒྱལ་ཡོངས་ཀྱི་ཞིང་ལས་ཚན་རིགས་སློབ་གསོའི་སྤྲིན་ལས་སྟེགས་གཞི་གྲངས་ཆེན་པོར་བརྟེན་པ་དང་ཡོན་རྩིས་རྒྱག་དང་སྤོར་འགུལ་དྲ་སྦྲེལ་ལག་རྩལ་བཅས་གསར་སྤེལ་འཛུགས་སྐྲུན་བྱས་ལ། དེ་ནི་ཞིང་ལས་པུའུ་ཡིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་ཚན་རྩལ་སློབ་གསོ་ཕྱོགས་བསྡུས་དོ་དམ་ཆ་འཕྲིན་ཞབས་ཞུ་ལས་སྟེགས་ཡིན་པ་དང་། དེའི་ནང་དུ་རྒྱལ་ཁབ་ཀྱི་རྨང་གཞིའི་སྟེགས་བུ་(ཞིང་ལས་ཚན་རིག་སློབ་གསོ་དོ་དམ་འཛད་སྤྱོད་པ)དང་ཀྲུང་གོའི་ཞིང་ལས་ལག་རྩལ་ཁྱབ་གདལ་གྱི་APP(རིགས་གཅིག་མཁས་ཅན་དང་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་འཛད་སྤྱོད་པ)ཚུད་པ་རེད།  ལས་སྟེགས་བརྒྱུད་དེ་ཞིང་ལས་ཚན་རྩལ་སློབ་གསོའི་ཐོན་ཁུངས་སྣ་ཚོགས་གཅིག་བསྡུས་བྱས་ཏེ། རིམ་པ་ཁག་གི་ཞིང་ལས་ཚན་རིགས་སློབ་གསོ་དོ་དམ་སྡེ་ཁག་དང་ཞིང་ལས་རིགས་གཅིག་མཁས་ཅན།  ཞིང་ལས་ལག་རྩལ་ཁྱབ་སྤེལ་མི་སྣ་དང་རྒྱ་ཆེའི་ཞིང་པ་རྣམས་ལ་དྲ་ཐོག་སློབ་སྦྱོང་དང་ཕན་ཚུན་སྤེལ་རེས།   ཕན་འབྲས་མྱུར་སྐྱེལ་དང་ཞབས་ཞུ་ཁ་གཏད་སྦྲེལ་མཐུད་བཅས་མཁོ་འདོན་བྱས་པས།  “དྲ་སྦྲེལ་+”གྱི་དེང་རབས་ཞིང་ལས་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་པ་དང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་ཞིང་ལས་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་ཡོངས་ཀྱི་རྫོང་རིམ་པའི་ཞིང་ལས་ལག་རྩལ་ཁྱབ་སྤེལ་སྡེ་ཚན་7དང་ཤང་དང་གྲོང་རྡལ་གྱི་ཞབས་ཞུ་ལྟེ་གནས20།  ཤང་དང་གྲོང་རྡལ་གྱི་ཕྱུགས་ནད་སྨན་བཅོས་ས་ཚིགས28དང་ཤང་དང་གྲོང་རྡལ་གྱི་ཞིང་ལས་ལག་རྩལ་ས་ཚིགས་ཀྱི་ཞིང་ལས་ལག་རྩལ་མི་སྣ་356བཅས་ཟབ་སྦྱོང་ནང་ཞུགས་པ་རེད། ཁུལ་དབྱེ་ནས་གཅིག་སྡུད་ཀྱིས་སློབ་ཁྲིད་བྱེད་སྟངས་བེད་སྤྱད་དེ་ཟབ་སྦྱོང་བྱས་པ་དང་།  PPTཔར་རིས་སློབ་ཁྲིད་དང་ཡུལ་དངོས་ནས་དྲ་ཞུགས་བཀོལ་སྤྱོད་བྱས་པ་བརྒྱུད་དེ། ཞིང་ལས་ཚན་རིགས་སློབ་གསོའི་སྤྲིན་སྟེགས་བུ་འཛུགས་སྐྲུན་རྒྱབ་ལྗོངས་དང་སྤྱི་ཡོངས་ཀྱི་ནུས་པ་འཛུགས་སྐྲུན།   ཁ་པར་གྱི་APPབཀོལ་སྤྱོད་སོགས་ཀྱི་ནང་དོན་གསལ་བཤད་དང་བེད་སྤྱོད་བྱེད་སྟངས་ཁྲིད་སྟོན་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།