བྱིས་པ་བོར་སོང་ན་དུས་ཚོད24ལ་སྒུག་མི་དགོས་པར་མྱུར་དུ་ཉེན་རྟོག་པར་ཡར་ཞུ་བྱས་ཆོག

བྱིས་པ་བོར་རྗེས་ཀྱི་དུས་ཚོད24ནི་བྱིས་པ་བཙལ་བའི་ཆེས་ལེགས་པའི་དུས་ཡིན་པས།  ཉེན་རྟོག་ཕྱོགས་ལ་ཡར་ཞུ་འབྱོར་རྗེས་ཁོ་ཚོས་ཆེས་མགྱོགས་པའི་སྒོ་ནས་གྱོད་དོན་ཐོ་འགོད་བྱས་ཏེ་བརྟག་དཔྱད་བྱས་ཆོག   ད་ནས་བཟུང་དུས་ཚོད24ལ་སྒུག་མི་དགོས།

གསལ་བརྡ།

གལ་ཏེ་བསླུ་འཚོང་བྱས་པའི་བྱིས་པ་མཐོང་ཚེ་མགྱོགས་མྱུར་སྒོས་གཞན་གྱིས་མི་མཐོང་བའི་གནས་ཚུལ་འོག་ཉེན་རྟོག་པར་ཡར་ཞུ་བྱེད་དགོས་ལ་ཆ་རྐྱེན་ལྡན་ཚེ་འདྲ་བརྒྱབ་ནས་བདེན་དཔང་བྱས་ཆོག

རྒྱལ་ཡོངས་ཀྱི་མི་འཚོང་གཡོ་ཅན་གྱི་ལག་ནས་བསྐྱབས་པའི་བྱིས་པའི་གཉེན་ཉེ་འཚོལ་བའི་སྤྱི་བསྒྲགས་སྟེགས་བུའི(http://qgdgxq.mca.gov.cn)དྲ་ཚུགས་འདི་ལས་བྱིས་པ་བཙལ་ཆོག