ཀྲང་ཏི་ཅང་གིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་ཟབ་པ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་ཆེར་སོང་། དངོས་གཉེར་མཉམ་ལས་ལ་བརྒལ་གཏོར་རང་བཞིན་དང་དཔེ་སྟོན་གྱི་དོན་སྙིང་ལྡན་པའི་ཕན་འབྲས་མི་ཉུང་བ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱི་ཐེངས་འདིའི་མཇལ་འཕྲད་ཀྱི་གྲུབ་འབྲས་ཀྱིས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བར་འཕེལ་རྒྱས་གསར་པ་འབྱུང་བར་བྱེད་ཐུབ། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧྥ་རན་སིའི་གྲོས་ཁང་བར་དུ་ཡུན་རིང་གི་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་སྲུང་འཛིན་བྱས་ཡོད་པ་དང་། རྗེས་ཕྱོགས་ཕྱོགས་གཉིས་ཀྱི་ལས་འགན་གཙོ་བོ་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱས་ཏེ། ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས། དངོས་གཉེར་མཉམ་ལས་དང་མི་སྣའི་འགྲོ་འོང་ལ་ཡར་སྐུལ་བྱེད་པར་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་སྔར་ལས་བཟང་པོ་འདོན་སྤྲོད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ས་གནས་དག་རང་འགུལ་གྱིས་ཀྲུང་གོ་དང་ཧྥ་རན་སིའི་མཛའ་མཐུན་ལས་དོན་ཁྲོད་ཞུགས་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་དེ་ཡིན་ཟེར།

མཱ་ཁི་ལུང་གིས་བཤད་རྒྱུར། ང་ཐེངས་འདིར་ཀྲུང་གོར་འཚམས་འདྲིར་ཡོང་བའི་དམིགས་ཡུལ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བའི་མ་འོངས་པར་འཆར་འགོད་བྱེད་རྒྱུ་དེ་ཡིན་ལ། ཧྥ་རན་སི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་འགྲོ་འོང་ལ་ཤུགས་བསྣན་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

ཀྲང་ཕིང་མཇལ་འཕྲད་ལ་ཞུགས།