མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་གསོན་ཉམས་རང་བཞིན་གྱི་དྲིལ་སྒྲོག་གིས་འདུ་ཤེས་ཀྱི་འོད་སྣང་གིས་ལང་ཚོར་གཟི་འོད་འཕྲོས་སུ་བཅུག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉིན་འདི་དག་གི་རིང་ལ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་སློབ་ལ་བརྩོན་པ་བསྐྱེད་ནས་དོན་དངོས་སྒྲུབ་པ་མ་ཟད། མུ་མཐུད་དུ་གསར་གཏོད་རང་བཞིན་གྱི་དྲིལ་སྒྲོག་རྣམ་པ་སྤྱད་དེ་དྲིལ་སྒྲོག་གི་བསྡུས་གཟུགས་དར་སྤེལ་གྱིས་ཧུར་ཐག་གིས་རིམ་པ་མི་འདྲ་བའི་སྒོ་ནས་ཁྱད་ཆོས་ལྡན་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དྲིལ་སྒྲོག་གི་བྱེད་སྒོ་སྤེལ་ཏེ་ཕུགས་འདུན་དང་འདུ་ཤེས་ཀྱི་འོད་སྣང་གིས་ན་གཞོན་དགེ་སློབ་དག་གི་ཕུགས་འདུན་ལ་གཟི་བརྗིད་ཀྱི་འོད་སྣང་བསྩལ་བ་རེད།

དྲིལ་སྒྲོག་གི་སྤུས་ཚད་ལ་ཁག་ཐེག་བྱ་ཆེད་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་རིམ་པ་སོ་སོའི་ངོས་ཐད་ཀྱི་དྲིལ་སྒྲོག་མི་སྣ་དག་གིས་བླང་བྱ་བཞིའི་རེ་འདོད་བཏོན་ནས་བརྟག་དཔྱད་ཞིབ་འཇུག་དང་དྲིལ་སྒྲོག་མ་ཕྱི་འབྲི་བ། ཚོད་ལྟའི་སྒྲོག་སྦྱོང་སྤེལ་བ། ཚད་ལེན་དཔྱད་འཇོག་རྩ་འཛུགས་བྱེད་པ་བཅས་ཀྱིས་དྲིལ་སྒྲོག་རུ་ཁག་གིས་ལས་ཁུངས་སོ་སོ་དང་སློབ་གླིང་སོ་སོ་རུ་དྲིལ་སྒྲོག་བྱ་བ་སྐོར་ཞིབ་སྒོས་སྤེལ་ཏེ། སློབ་གླིང་སོ་སོ་དང་འཛིན་གྲྭ་སོ་སོའི་དྲིལ་སྒྲོག་གི་དམིགས་འབེན་དེ་མངོན་འགྱུར་བྱེད་དུ་བཅུག དུས་མཉམ་དུ་སློབ་ཆེན་པ་30རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དྲིལ་སྒྲོག་རུ་དཔུང་རྩ་འཛུགས་བྱས་ཤིང་། གཟའ་ཉི་མའི་འཛིན་ཚོགས་དང་གཟའ་ལྷག་པའི་ཆབ་སྲིད་གཞུང་ལུགས་སློབ་སྦྱོང་དང་གུང་གསེང་དུས་ཚོད་བེད་སྤྱད་དེ་འཛིན་གྲྭ་རེ་རེར་ཆེད་དོན་སློབ་ཁྲིད་ཀྱི་རྣམ་པ་དང་སློབ་མ་དག་ལ་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དྲིལ་སྒྲོག་གནང་།སློབ་གྲོགས་ཕན་ཚུན་གྱིས་བར་ཐག་མེད་པའི་དྲིལ་སྒྲོག་ལ་སློབ་མ་གཞན་དག་གིས་བསྟོད་བསྔགས་དང་དགའ་བསུ་ཆེན་པོ་ཐོབ།སློབ་གྲྭས་ཀྱང་བསམ་བློའི་ཆབ་སྲིད་གཞུང་ལུགས་སློབ་གསོའི་བགྲོད་ལམ་ཐད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་ཀྱིས་ཏན་ཏིག་སྒོས་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སྐུལ་འདེད་ཀྱིས་ཁྲིད་གཞི་ལ་འཇུག་པ་དང་སློབ་ཁྲིད་ལ་ཞུགས་པ། བསམ་བློའི་ཁྲོད་ཟབ་ཞུགས་སོགས་ཀྱིས་འབྲེལ་ཡོད་སློབ་ཁྲིད་རྩ་འཛུགས་བྱས་ཏེ་སློབ་ཆེན་སློབ་མའི་དོ་ཁུར་དང་གཙོ་གནད་རང་བཞིན་གྱི་གནད་དོན་རེ་རེ་ལ་སེམས་པ་རྩེ་གཅིག་གིས་དྲིས་ལན་བཏབ་སྟེ་ཁྲིད་གཞི་རེ་རེ་ཞིབ་ཚགས་ཀྱིས་བྲིས་ཤིང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་གྱི་དམིགས་འབེན་རང་བཞིན་དང་ཡང་དག་རང་བཞིན། བྱེ་བྲག་རང་བཞིན་སོགས་ལ་སློབ་ཁྲིད་ཀྱི་ཐབས་ལམ་བྱེད་ཐབས་བརྒྱུད་དྲིལ་སྒྲོག་གི་འགུག་ཤུགས་དང་ཚུར་འགུག་བྱེད་ནུས་མཐོར་འདེགས་སུ་བཏང་བ་རེད།

དེ་ལས་གཞན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་སློབ་གླིང་གི་དྲ་རྒྱ་དང་སློབ་རའི་རྒྱང་སྒྲོག དྲིལ་སྒྲོག་རི་མོ། འགྲེམས་སྟོན་བསྒྲགས་བྱང་། འགྲེམས་སྟོན་འཕྲེད་དར། བརྡ་སྦྱོར་བསྒྲགས་བྱང་། སྐད་འཕྲིན། ཝེ་པོ། ཁ་པར་སོགས་སྨྱན་བྱད་བེད་སྤྱད་དེ་ན་གཞོན་སློབ་ཆེན་པ་དག་གིས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གྱི་དོ་གནད་དམ་འཛིན་བྱས་ཏེ་སྐུད་ལམ་གོང་འོག་བར་གསུམ་དུ་ཡོངས་ཁྱབ་སྒོས་དྲིལ་སྒྲོག་གནང་སྟེ་ན་གཞོན་སློབ་མ་དག་གིས་དོ་ཁུར་བྱེད་ཡུལ་ལ་དྲིས་ལན་བཏབ་ནས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དེ་མི་སེམས་ལ་ཟུག་པར་བྱས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་ན་གཞོན་སློབ་ཆེན་པ་དག་ལ་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ཤེས་བྱའི་འགྲན་སྡུར་དང་ཚོགས་ཆེན་ཐེངས་བཅུ་དགུ་བ་བསུ་བའི་སྐོར་བྲོའི་འཁྲབ་སྟོན། ཐོག་མའི་སེམས་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲང་སྟེ་ལང་ཚོའི་དུས་སྐབས་སུ་དུས་རབས་གསར་བར་བྱས་རྗེས་འཇོག་པ་སོགས་བརྗོད་དོན་ཡིན་པའི་དྲིལ་སྒྲོག་བྱ་འགུལ་རབས་དང་རིམ་པ་སྤེལ་ནས་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དེ་རྒྱ་ཆེའི་དགེ་སློབ་ཡོངས་དང་ཏང་ཡོན་ལས་བྱེད་པ་སོགས་ཀྱི་སེམས་སུ་རྩ་བ་ཚུགས་ཏེ་རྩེ་མོ་རྒྱས་པར་སྐུལ་འདེད་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།