སྟོང་སྐོར་རྫོང་གིས་སྨན་བཅོས་བཅོས་སྒྱུར་ཁེ་ཕན་གྱིས་མུ་མཐུད་དུ་མི་དམངས་ལ་ཁེ་ཕན་གང་ལེགས་བསྐྲུན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། 2017ལོ་ནས་བཟུང་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་གིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་འཛུགས་གསར་འཛུགས་མུ་མཐུད་དུ་འཐུས་ཚང་ཅན་དུ་བཏང་སྟེ་སྨན་རྫས་ཀྱི་གཞི་རྩའི་ལམ་ལུགས་སྲ་བརྟན་དང་འཐུས་ཚང་ཅན་དུ་བཏང་ཞིང་གཞུང་བཙུགས་སྨན་ཁང་གི་སྣ་འཛོམས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་ནས་མཁར་གྲོང་གི་སྨན་བཅོས་རྣམ་པར་སྔོག་འདོན་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་བཅོས་སྒྱུར་ཁྲོད་ཁེ་ཕན་ཡོད་པ་དང་མཁར་གྲོང་མི་དམངས་ཀྱི་བདེ་ཐང་ཆུ་ཚད་སྔར་ལས་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་སུ་བཏང་བ་རེད།

ཆེས་ཐོག་མའི་ནད་ཐོག་ངོས་འཛིན་སྨན་བཅོས་ཀྱི་འགན་འཁྲིའི་ལམ་ལུགས་ལག་ལེན་དངོས་འབབ་བྱས་ཏེ་རྫོང་རིམ་པའི་གཞུང་གཉེར་སྨན་ཁང་དང་ཤང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་ནས་མྱུར་སྐྱོབ་གཞན་སྒྱུར་བྱས་པའི་ཁ་གྲངས་དེ་བརྒྱ་ཆའི20ནས་བརྒྱ་ཆའི60ལ་ཚོད་འཛིན་གྱིས་རིམ་པ་མི་འདྲ་བའི་སྨན་བཅོས་ལམ་ལུགས་ཀྱི་གསར་འཛུགས་ལ་ཤུགས་སྣོན་དང་ཁྱིམ་ཚང་སྨན་ཁང་གི་རུ་དཔུང26རྩ་འཛུགས་བྱས་ནས་རྫོང་ཡོངས་ཀྱི་ཁྱིམ་ཚང་སྨན་ཁང་དང་མི་ཚོགས་གཙོ་བོའི་གན་རྒྱའི་ཞབས་ཞུའི་ཁྱབ་འགྱེད་ཚད་སོ་སོ་བརྒྱ་ཆའི60དང་བརྒྱ་ཆའི49.27ལ་སླེབས་ཏུ་བཅུག གཞུང་གཉེར་སྨན་ཁང་གཉིས་ཀྱིས་སོ་སོར་ཏ་ལེན་གསོ་རིག་ཚན་ཁག་སློབ་ཆེན་གྱི་ཁོངས་གཏོགས་སློབ་གླིང་གཉིས་པ་དང་བཅིངས་འགྲོལ་དམག་202སྨན་ཁང་སོགས་ལ་དུས་ཡུན་ལོ་ལྔ་ཡི་གན་རྒྱ་བཞག་སྟེ་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་ཡི་གེ་བཞག ནན་ཏན་སྒོས་རྫོང་རིམ་པའི་སྨན་ཁང་གིས་ཤང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་ལ་རོགས་སྐྱོར་བྱེད་པའི་བྱ་བ་གང་ལེགས་ཀྱིས་སྒྲུབ་སྟེ་ནད་ཐོག་སྨན་བཅོས་ཚན་ཁག13གྱི་ཚན་ཁག་རང་སྟེང་གི་ཐོན་ཁུངས་ལེགས་པོ་བེད་སྤྱད་ནས་ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་གི་ཆེད་ལས་ཚན་ཁག་འཕེལ་རྒྱས་སུ་བཏང་།

རྫོང་རིམ་པའི་གཞུང་གཉེར་སྨན་ཁང་གི་བཅོས་སྒྱུར་འོག་སྨན་རྫས་ཀྱི་བེད་སྤྱོད་འཐུས་ཚང་དང་རྩོད་ཉོག་ཐག་གཅོད་བྱས་ཏེ་སྨན་རྫས་དོ་དམ་སོགས་ཀྱི་སྨན་བཅོས་རྒྱུ་སྤུས་བདེ་འཇགས་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་ཞིང་། དེང་རབས་བརྡ་འཕྲིན་རང་བཞིན་གྱི་དོ་དམ་མ་ལག་ལ་བརྟེན་ནས་དུས་ལྟར་དུ་སྙོམས་སྒྲིག་ཐད་ཀྱི་རིགས་སོ་སོའི་ཚད་གཞིའི་གཞི་གྲངས་དང་ལས་ཐོག་ལས་ཆོད་ཀྱི་ལས་ཕོགས་ལམ་ལུགས་ཡང་འཐུས་ཚང་དུ་བཏང་སྟེ་ཚད་ལེན་དོ་དམ་ལ་སྐུལ་འདེད་ཀྱིས་སྔར་ལས་ཚན་རིག་གི་སྒྲིག་སྲོལ་དང་སྨན་བཅོས་མི་སྣའི་བྱ་བའི་ཐད་ཀྱི་ཧུར་ཐག་རང་བཞིན་འདོན་སྤེལ་བྱས་ཡོད། གོ་དོན་ཟབ་མོ་འཛུགས་བསྐྲུན་དེ་སྲོག་ཤིང་དུ་བཟུང་ནས་ཤུགས་ཆེན་པོས་སྨན་བཅོས་ཞབས་ཞུའི་དཔེར་མཚོན་བཟོ་སྐྲུན་བྱ་འགུལ་ལ་སྐུལ་འདེད་ཀྱིས་རྫོང་རིམ་པའི་གཞུང་གཉེར་སྨན་ཁང་གཉིས་ཀྱི་ཕུལ་བྱུང་གི་སྨན་བཅོས་ཞབས་ཞུའི་ནད་ཁུལ་གྱི་ཁྱབ་འགྱེད་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་བརྒྱ་ལ་སླེབས།

ཧུར་ཐག་སྒོས་བདེ་ཐང་སྟོང་སྐོར་གྱི2016--2020ལོའི་ལས་འགུལ་འཆར་གཞི་སོགས་གཏན་འབབ་བྱས་པ་བརྒྱུད་རྫོང་གི་བདེ་ཐང་ལ་སྐུལ་འདེད་ཀྱིས་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གི་ལས་རིགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས། ནད་ཐོག་སྨན་བཅོས་ཀྱི་དོན་དངོས་དགོས་མཁོ་གཞིར་བཟུང་ནས་རིན་གོང་དམའ་བའི་སྨན་རྫས་རིགས42གཏན་ཁེལ་བྱས་ཏེ་ནད་པའི་སྨན་བཅོས་འཕྲོད་བསྟེན་གྱི་མ་རྩ་སྔར་ལས་ཇེ་དམའ་རུ་བཏང་། མུ་མཐུད་དུ་སྨན་བཅོས་ལས་རིགས་ཐད་ཀྱི་རྒན་པའི་ཞབས་ཞུའི་རྣམ་གྲངས་མུ་མཐུད་དུ་ཇེ་ལེགས་སུ་བཏང་ཡོད། དུས་མཉམ་དུ་ཤང་དང་གྲོང་བརྡལ་ཁང་7གྱི་འཕྲོད་བསྟེན་ཁང་དུ་ཀྲུང་ལུགས་ཁང་ལག་བསྟར་གྱིས་ཕན་འབྲས་ལ་དཔྱད་འཇོག་བྱས་ཤིང་ཀྲུང་ལུགས་གསོ་རིག་དེ་ཞིང་སྡེ་རུ་ཞུགས་པ་དང་གཞིས་ཁུལ་དུ་ཞུགས་པ། ཁྱིམ་ཚང་དུ་ཞུགས་པ་སོགས་ཀྱི་བྱ་འགུལ་རབས་དང་རིམ་པ་སྤེལ་ནས་རྫོང་ཡོངས་ཀྱི་བྱིས་པ་དང་བུད་མེད་སྦྲུམ་མ། ལོ་ལོན་སོགས་རིགས་མི་འདྲ་བ3གཙོ་བོར་བཟུང་ནས་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་པ་སོགས་ལ་ཀྲུང་ལུགས་གསོ་རིག་གིས་སྨན་བཅོས་དོ་དམ་བྱེད་པའི་ཚད་གཞི་བརྒྱ་ཆའི་བརྒྱ་ལ་སླེབས་དུ་བཅུག་པ་དང་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་གནས་བབ་ལ་ཕན་འབྲས་ངེས་ཅན་ཐོན་དུ་བཅུག་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།