ལིས་ཁི་ཆང་དང་མེ་གོང་ཆུ་བོའི་རྒྱལ་ཁབ་ལྔའི་འགོ་ཁྲིད་མི་སྣས་མཉམ་དུ་རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།

ཟླ་དང་པོའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅིན་པེན་ཞི་བདེ་ཐོག་ཁང་ཐང་ཆེན་ནས་ཁམ་ཕུ་ཁྲེ་ཡིས་དབུ་བཞུགས་བློན་ཆེན་ཧོང་སིན་དང་ལོ་ཝོ་ཡི་ཙུང་ལི་ཐོང་ལུང་། ཐེ་གོའི་ཙུང་ལི་པཱ་ཡུས། ཡེའོ་ནན་གྱི་ཙུང་ལི་རོན་ཁྲོན་ཧྥུའུ། འབར་མའི་ཙུང་ཐུང་གཞོན་པ་མིན་རོས་བཅས་དང་མཉམ་དུ་རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།

ས་དེའི་དུས་ཚོད་ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅིན་པེན་ཞི་བདེ་ཐོག་ཁང་ཐང་ཆེན་ནས་ཁམ་ཕུ་ཁྲེ་ཡིས་དབུ་བཞུགས་བློན་ཆེན་ཧོང་སིན་དང་ལོ་ཝོ་ཡི་ཙུང་ལི་ཐོང་ལུང་། ཐེ་གོའི་ཙུང་ལི་པཱ་ཡུས། ཡེའོ་ནན་གྱི་ཙུང་ལི་རོན་ཁྲོན་ཧྥུའུ། འབར་མའི་ཙུང་ཐུང་གཞོན་པ་མིན་རོས་བཅས་དང་མཉམ་དུ་རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།

ཀྲུང་གོའི་མྱུར་བགྲོད་མེ་འཁོར་འགྲེམ་སྟོན་སྟེགས་བུ་རུ། ལིས་ཁི་ཆང་དང་རྒྱལ་ཁབ་སོ་སོའི་འགོ་ཁྲིད་མི་སྣའི་ངོ་སྤྲོད་ལ་ཉན་པ་མ་ཟད། ལད་མོའི་ཁ་ལོ་་སྒྱུར་ཁང་དུ་བསྡད་དེ། ཀྲུང་གོའི་མྱུར་བགྲོད་མེ་འཁོར་གྱི་སྒྲིག་སྦྱོར་དང་ཁ་ལོ་སྒྱུར་བའི་གནས་ཚུལ་ཐད་ནས་དངོས་སུ་མྱོང་ཚོར་བྱས།

ལིས་ཁི་ཆང་གིས་བསྟན་དོན། རྨང་གཞིའི་སྒྲིག་ཆས་མཉམ་འབྲེལ་མཉམ་མཐུད་བྱེད་པ་ནི་རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་ཐད་ཀྱི་དམིགས་བསལ་ཁྱབ་ཁོངས་གྲས་ཀྱི་གཅིག་ཡིན་པ་དང་། མིག་སྔར། ཀྲུང་གོ་ནས་ལོ་ཝོ་དང་། ཀྲུང་གོ་དང་ཐེ་གོའི་བར་གྱི་ལྕགས་ལམ་སྔ་གཞུག་ཏུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། དེ་རྒྱལ་ཁབ་དེ་གཉིས་དང་ཀྲུང་གོ་ཕྱོགས་བར་སྤེལ་བའི་ཐོན་ནུས་མཉམ་ལས་ཀྱི་ལས་གཞི་གལ་ཆེན་ཡིན། ད་ལྟ། མྱུར་བགྲོས་ལྕགས་ལམ་ཀྲུང་གོའི་བཟོ་སྐྲུན་གྱི་མིང་བྱང་མིང་གྲགས་ཅན་དུ་གྱུར་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རང་སྟེང་གི་ལག་རྩལ་དང་ཉམས་མྱོང་དགེ་མཚན་འདོན་སྤེལ་བྱེད་པ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་ཀྱི་དགོས་མཁོ་དང་སྦྲེལ་མཐུད་བྱེད་པ། རང་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་མཉམ་འབྲེལ་མཉམ་མཐུད་ཆུ་ཚད་མཐོར་འདེགས་བྱས་ལ། རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བསྒྱུར་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།