བློ་མཐུན་ཧུའུ་ཧྲིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས།

ཟླ་དང་པོའི་ཚེས་བཅུ་ཉིན། བློ་མཐུན་ཧུའུ་ཧྲིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་བཞུགས་མོལ་ཚོགས་འདུར་ཞུགས།

བློ་མཐུན་ཧུའུ་ཧྲིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་བཞུགས་མོལ་ཚོགས་འདུར་ཞུགས།

བློ་མཐུན་ཧུའུ་ཧྲིན་ནི་རང་རྒྱལ་གྱི་མིང་དུ་གྲགས་པའི་མར་ཁི་སི་རིང་ལུགས་ཀྱི་གཞུང་ལུགས་པ་དང་ལོ་རྒྱུས་རིག་པ་བ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡང་ཡིན། སྐབས་བདུན་པ་དང་སྐབས་བརྒྱད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མྱོང།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་བློ་མཐུན་ཧུའུ་ཧྲིན་གྱིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལས་དོན་ལ་འབད་བརྩོན་ལྷོད་མེད་བྱས་པའི་འོད་སྟོང་འབར་བའི་ཚེ་གོང་བོར་རྗེས་དྲན་བྱས་ནས། ཁོའི་གསར་བརྗེའི་སྙིང་སྟོབས་དང་ཀུན་སྤྱོད་བཟང་བོ། བླ་མེད་ཉམས་འགྱུར་བཅས་ལ་སློབ་སྦྱོང་བྱས་ཏེ། ཁོ་ལྟ་བུར་ཕུགས་བསམ་བརྟན་པོ་བཅངས་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར། ཏང་ལ་བློ་དཀར་བ་དང་བདེན་དོན་རྒྱུན་འཁྱོངས་བྱེད་པ། ཀྲུང་གོར་རྐང་འཛུགས་པ། རང་གཅུན་ནན་མོ་བྱེད་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲང་ཆིན་ལིས་ཀྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།

བཞུགས་མོལ་ཚོགས་འདུའི་སྔོན་ལ། ཡུས་ཀྲིན་ཧྲིན་གྱིས་བློ་མཐུན་ཧུའུ་ཧྲིན་གྱི་ཁྱིམ་མིར་མཇལ་འཕྲད་གནང།