མཚོ་ནུབ་ཁུལ་གྱིས་ནུས་ཁུངས་གསར་བའི་རླངས་འཁོར་ཐོག་མ་ལ་འཁོར་བྱང་ཨང་གྲངས་བཀལ་ནས་ལམ་དུ་ཞུགས་པར་བཅུག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གཏེར་ལེན་ཁ་གྲོང་ཁྱེར་གྱི་གྲོང་མི་ཏོའུ་ཁའེ་ཀོས་ཡིས་ལག་པ་ཟུང་གིས་ནུས་ཁུངས་གསར་བའི་རླངས་འཁོར་གྱི་འཁོར་བྱང་ཨང་གྲངསFH00200ལག་དུ་བཟུང་ནས་དགའ་སྤྲོ་ཆེན་པོས་ཁ་ཡང་སིམ་མི་ཐུབ་པར་གྱུར། ཟླ1ཚེས2ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྲིད་འཛིན་ཞབས་ཞུའི་ལྟེ་གནས་རླངས་འཁོར་དོ་དམ་སའོ་ཡི་སྒེའུ་ཁུང་ལས་གཏེར་ལེན་ཁ་གྲོང་ཁྱེར་གྱི་གྲོང་མི་ཏོའུ་ཁའེ་ཀོས་ཡིས་མཚོ་ནུབ་ཁུལ་གྱི་ནུས་ཁུངས་གསར་བའི་རླངས་འཁོར་གྱི་ལྗང་མདོག་འཁོར་བྱང་ཨང་གྲངས་བླངས་བ་དང་། དེས་མཚོ་ནུབ་ཁུལ་གྱི་ཆེས་ཐོག་མའི་ནུས་ཁུངས་གསར་བའི་རླངས་འཁོར་ལ་དངོས་སུ་འཁོར་བྱང་ཨང་གྲངས་བཀལ་ནས་ལམ་ལ་ཞུགས་དུ་བཅུག་པ་མཚོན་ཡོད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། མཚོ་ནུབ་ཁུལ་གྱི་ནུས་ཁུངས་གསར་བའི་རླངས་འཁོར་གྱི་འཁོར་བྱང་ཨང་གྲངས་དེ2017ལོའི་ཟླ12བའི་ཚེས20ཉིན་དངོས་སུ་སྒོ་འབྱེད་བྱས་ཤིང་། དེ་ཡང་ཐོག་མའི་འགྲོ་ལུགས་སྒྲུབ་པ་དང་རླངས་འཁོར་ལ་ཞིབ་བཤེར་བྱེད་པ། འཁོར་བྱང་ཨང་གྲངས་ལས་བཟོ་བྱེད་པ་སོགས་བྱ་བའི་བརྒྱུད་རིམ་བརྒྱུད་ཟླ1ཚེས2ཉིན་དངོས་སུ་ནུས་ཁུངས་གསར་བའི་རླངས་འཁོར་གྱི་དོ་བདག་ལ་གནང་བ་རེད། ཆེས་ཐོག་མའི་ནུས་ཁུངས་གསར་བའི་རླངས་འཁོར་གྱི་འཁོར་བྱང་ཁྲོད་རླངས་འཁོར་ཆུང་གྲས3དང་རླངས་འཁོར་ཆེ་གྲས3ཡོད། དུས་མཉམ་དུ་ནུས་ཁུངས་གསར་བའི་རླངས་འཁོར་ཉོ་སྒྲུབ་ཀྱི་སྐབས་སུ་འཛད་སྤྱོད་པས་རྒྱལ་ཁབ་ཀྱི་དཔྱ་ཁྲལ་རིན་མེད་སྒོས་ལོངས་སུ་སྤྱད་ཆོག་ལ་རླངས་འཁོར་གྱི་དཔྱ་ཁྲལ་རིམ་པ་གཞན་དག་ལ་ཡང་དམིགས་གསལ་སྲིད་ཇུས་ལོངས་སུ་སྤྱད་ཆོག དུས་མཉམ་དུ་ནུས་ཁུངས་གསར་བའི་རླངས་འཁོར་ལ་གྲོན་ཆུང་དང་ཁོར་སྲུང་སོགས་ཀྱི་ཐད་དམིགས་གསལ་ཆེན་པོ་ཡོད་ངེས།

མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་རླངས་འཁོར་དོ་དམ་སའོ་ཡི་སའོ་ཀྲང་ཝང་ཧའེ་ལུང་གིས་ངོ་སྤྲོད་བྱེད་རྒྱུར། ཆེས་ཐོག་མའི་ནུས་ཁུངས་གསར་རླངས་འཁོར་ལ་འཁོར་བྱང་ཐོག་མ་བཀལ་བ་དེས་མཚོ་ནུབ་ཁུལ་གྱི་ནུས་ཁུངས་གསར་བའི་རླངས་འཁོར་ལ་སྒོ་བྱང་དངོས་སུ་བཀལ་ནས་ལམ་ལ་ཞུགས་པ་མཚོན་ཡོད་ལ། དེས་རྒྱ་ཆེའི་མང་ཚོགས་ལ་ནུས་ཁུངས་གསར་བའི་རླངས་འཁོར་ཉོ་བར་འབོད་སྐད་བཏང་བ་མ་ཟད། སྔར་ལས་ཀྱང་ལྗང་མདོག་ཁོར་སྲུང་གི་ཐན་འགྱུར་དམའ་བའི་འགྲོ་སྐྱོད་དང་དེ་མིན་ནུས་ཁུངས་གསར་བའི་རླངས་འཁོར་གྱི་དོ་བདག་གིས་རླངས་འཁོར་ཉོས་རྗེས་ཐད་ཀར་དུ་རླངས་འཁོར་དོ་དམ་སྡེ་ཁག་ནས་ནུས་ཁུངས་གསར་བའི་རླངས་འཁོར་གྱི་ཆེད་སྤྱོད་འཁོར་བྱང་ཨང་གྲངས་བླངས་ཆོག་ལ། ནུས་ཁུངས་གསར་བའི་རླངས་འཁོར་གྱི་ཆེད་སྤྱོད་འཁོར་བྱང་ཨང་གྲངས་ཀྱི་ཆ་རྐྱེན་དང་བརྒྱུད་རིམ། དགོས་མཁོ་བཅས་ནི་སྤྱིར་བཏང་གི་རླངས་འཁོར་འཁོར་བྱང་ཨང་གྲངས་དང་འདྲ་ཞིང་། རླངས་འཁོར་གྱི་འཁོར་བྱང་ཨང་གྲངས་དེ་རླངས་འཁོར་ལ་ཞིབ་བཤེར་འོས་འཚམ་དུ་གྱུར་རྗེས་རླངས་འཁོར་དོ་དམ་སའོ་ཡི་གློག་ཀླད་རང་འདེམས་འཁོར་བྱང་ལས་རང་འགུལ་གྱིས་འདེམས་ཆོག

ལོ་ཙཱ་བ། ལྷ་དཔལ་སྐྱབས།