ན་གོར་མོས་སྒོར་དུང་ཕྱུར26.15དམངས་འཚོའི་རྣམ་གྲངས་ཐད་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  2017ལོར།  ན་གོར་མོ་གྲོང་ཁྱེར་གྱིས་དབུལ་སྒྲོལ་མཁྲེགས་གཏོར་དང་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཅིག་གྱུར་འཆར་འགོད་ཀྱི་ལས་འགན་ཆེན་པོ་གཉིས་ལ་དམིགས་ཏེ།  དགེ་མཚན་ལྡན་པའི་ནོར་སྲིད་དང་དངུལ་ལོར་གྱི་སྲིད་ཇུས་གཉིས་བརྟན་པོ་ཟུང་འབྲེལ་དང་།  གནད་དོན་ཕྱོགས་སྟོན་དང་དམིགས་འབེན་ཕྱོགས་སྟོན།  འགན་འཁྲི་ཕྱོགས་སྟོན་བཅས་ཤུགས་ཆེ་རུ་བཏང་ཞིང་།  ས་གནས་འཕེལ་རྒྱས་དང་གོང་རིམ་གྱི་དགོངས་དོན་བར་གྱི་འབྲེལ་གནས་ཤུགས་ཆེན་གྱིས་འཚོལ་བ་དང་། གྲོང་གསེབ་དང་འབྲོག་ཁུལ། དམངས་འཚོ་བཅས་ཀྱི་ཞན་ཆར་དངུལ་རྩའི་ཆ་ནས་དབུལ་སྐྱོར་གནང་བར་སྣེ་ཁྲིད་བྱས་ཏེ།  རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དངུལ་རྩའི་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར26.15བརྩོན་ལེན་བྱས་པ་དང་། རྣམ་གྲངས་ཁག་294གཅིག་གྱུར་གྱིས་ཇུས་འགོད་བྱས་པ་རེད།

ན་གོར་མོ་གྲོང་ཁྱེར་གྱིས་གསར་སྤེལ་ཁག་གཅིག་དང་གསོག་འཇོག་ཁག་གཅིག    འཛུགས་སྐྲུན་ཁག་གཅིག་དང་བེད་སྤྱོད་ཁག་གཅིག་གི་སྤྱིའི་བླང་བྱར་གཞིགས་ནས་གལ་འགངས་ཆེ་མིན་དང་བྲེལ་ཚབ་ཆེ་མིན་སོ་སོར་དགར་བ་དང་།  ཉེ་རིང་ཟུང་འབྲེལ་བྱེད་པ་བཅས་གཙོ་བོར་བཟུང་སྟེ།  མང་ཚོགས་ཀྱིས་མཐོང་ཐུབ་པའི་རྣམ་གྲངས་བཟང་པོ་གཅིག་སྡུད་སྒོས་ལག་བསྟར་བྱས་པ་རེད། རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་211ཇུས་འགོད་བྱེད་པ་དང་། དེའི་ནང་བསྐྱར་སྐྲུན་རྣམ་གྲངས34དང་གསར་སྐྲུན་རྣམ་གྲངས་177ཡོད་ལ།  སྤྱིའི་མ་འཇོག་སྒོར་དུང་ཕྱུར33.6ཡིན་པ་དང་། དེའི་ནང་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར20.74དང་ནོར་སྲིད་ཀྱི་ཆ་སྒྲིག་མ་དངུལ་དུང་ཕྱུར12.9ཡིན་པ་རེད།  

ད་སྔ། རྣམ་གྲངས་130བསྐྱར་སྐྲུན་བྱེད་འགོ་བརྩམས་པ་དང་། མ་འཇོག་སྒོར་དུང་ཕྱུར་14.4ལེགས་འགྲུབ་བྱུང་ཡོད། གྲོང་ཁྱེར་གྱི་བཙོག་ཆུ་གཙང་བཟོ་ཐེངས་གཉིས་པ་དང་གྲོང་ཁུལ་གྱི་ཁོར་ཡུག་གཙང་སྦྲ་བའི་ངལ་གསོ་ཁང་།  ཐའེ་ཧྲན་ལམ་གྱི་སློབ་ཆུང་བཅོས་སྒྱུར་དང་གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་སྔོ་སྒྱུར།  གྲོང་གསེབ་ཀྱི་བྱ་དགའ་རང་བཞིན་དང་ཉེན་ཁ་ཡོད་པའི་ཁང་པ་སྒྱུར་བཀོད།  ལྡུམ་རའི་ལག་རྩལ་ཀུང་སིའི་གྲོང་གསེབ་ཀྱི་འཕྲོད་བསྟེན་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་88བསྐྲུན་ཟིན་པ་དང་།  གདང་ལ་གྲོང་རྡལ་ནས་མཚོ་བརྒྱ་མ་གྲོང་ཚོ་བར་གྱི་གཞུང་ལམ་དང་ན་གོར་མོའི་ཆུ་ལམ་བཅོས་སྐྱོང་། གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་སྦུ་གུ་དང་དྲ་ཚིགས་དུད་ཚང་དུ་ཁྱབ་པའི་ལས་གྲྭ་སོགས་རྣམས་གྲང་42གོ་རིམ་ལྡན་པའི་ངང་སྤེལ་བའི་སྒང་ཡིན་ལ། རྒྱལ་ལམ་109ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ནུབ་ཕྱོགས་ཀྱི་འཕགས་མོའི་རྫིང་བུ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་སོགས་རྣམ་གྲངས་27ཚོང་འགུག་དངུལ་འདྲེན་གྱི་དུས་མཚམས་སུ་སླེབས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།