སྐུ་འབུམ་མི་དམངས་ཉེན་རྟོག་པས་རྣམ་པ་མང་པའི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་དང་ལྷག་བསམ་གསལ་འདེབས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཟླ1པའི་ཚེས10ཉིན།  སྐུ་འབུམ་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་གཅིག་སྡུད་ཀྱིས་སྒྲིག་འཛུགས་བྱས་ཏེ་110དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་འཚོ་བ་ཞེས་པ་བརྗོད་བྱ་གཙོ་བོར་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། མི་དམངས་ཉེན་རྟོག་པས་འཕྲེད་ཡིག་འགེལ་བ་དང་སྒྲིག་གཤོམ་འགྲེམས་པང་།  དྲིལ་བསྒྲགས་ཡིག་རིགས་བཀྲམ་པ་དང་ཡུལ་དངོས་ནས་འགྲེལ་བཤད་རྒྱག་པ། 110ཉེན་རྟོག་བཅའ་ཁྲིམས་བློ་འདྲི་དང་ཁྲིམས་ལུགས་དྲིལ་བསྒྲགས་སོགས་དམིགས་སའི་རང་བཞིན་ལྡན་པའི་ཉེན་ཟོན་སྔོན་བརྡ་གཏོང་བའི་བརྡ་འཕྲིན་དང་ལྷག་བསམ་གསལ་འདེབས་བྱས་པ་བརྒྱུད་དེ། མང་ཚོགས་ལ་འགྲིམ་འགྲུལ་བདེ་འཇགས་དང་མེ་སྔོན་འགོག   རྐུན་མ་སྔོན་འགོག་དང་འཕྲོག་བཅོམ་སྔོན་འགོག་སོགས་དོ་སྣང་ལ་ཤུགས་སྣོན་རྒྱག་དགོས་པར་གསལ་འདེབས་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།