ལིས་ཁི་ཆང་རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་དུས་ཚོད་ཟླ་དང་པོའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར་ཅིན་པེན་ཞི་བདེ་ཐོག་ཁང་ནས་རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས། ལིས་ཁི་ཆང་དང་ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་གཉིས་ཀྱིས་མཉམ་དུ་གྲོས་ཚོགས་ལ་འགོ་འཛིན་བྱས། ལོ་ཝོའི་ཙུང་ལི་ཐོང་ལུང་དང་ཐེ་གོའི་ཙུང་ལི་པཱ་ཡུས། ཡེའོ་ནན་གྱི་ཙུང་ལི་རོན་ཁྲོན་ཧྥུའུ། འབར་མའི་ཙུང་ཐུང་མེན་རོས་བཅས་གྲོས་ཚོགས་ལ་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་དུས་ཚོད་ཟླ་དང་པོའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར་ཅིན་པེན་ཞི་བདེ་ཐོག་ཁང་ནས་རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས། ལིས་ཁི་ཆང་དང་ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་གཉིས་ཀྱིས་མཉམ་དུ་གྲོས་ཚོགས་ལ་འགོ་འཛིན་བྱས། ལོ་ཝོའི་ཙུང་ལི་ཐོང་ལུང་དང་ཐེ་གོའི་ཙུང་ལི་པཱ་ཡུས། ཡེའོ་ནན་གྱི་ཙུང་ལི་རོན་ཁྲོན་ཧྥུའུ། འབར་མའི་ཙུང་ཐུང་མེན་རོས་བཅས་གྲོས་ཚོགས་ལ་ཞུགས།

ལིས་ཁི་ཆང་གིས་བསྟན་དོན། རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་ནི་བཞུར་རྒྱུད་ཀྱི་རྒྱལ་ཁབ་དྲུག་གིས་མཉམ་དུ་འཛུགས་སྐྲུན་བྱས་པའི་རིགས་གསར་བའི་ཁུལ་ཁོངས་ཕལ་བའི་མཉམ་ལས་རྐྱེན་སྲོལ་ཐོག་མ་ཡིན་པ་དང་། རྒྱུད་གཅིག་ལམ་གཅིག་ལ་མཉམ་དུ་གྲོས་ཞིབ་དང་མཉམ་དུ་འཛུགས་སྐྲུན་བྱེད་པའི་སྟེགས་བུ་གལ་ཆེན་ཡིན། ལོ་གཉིས་རིང་ལ། ང་ཚོས་འཕེལ་རྒྱས་གཙོར་འཛིན་པ་དང་། འདྲ་མཉམ་གྲོས་མོལ། དངོས་གཉེར་ཕན་མཐོ། སྒོ་འབྱེད་བཟོད་སྒོམ་གྱི་མཉམ་ལས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འགོ་ཁྲིད་མི་སྣས་སྣེ་ཁྲིད་བྱེད་པ་དང་། ཁྱོན་ཡོངས་ལ་ཁེབས་པར་བྱེད་པ། སྡེ་ཁག་སོ་སོ་དེའི་ཁྲོད་ཞུགས་པའི་རྫ་ཆུ་དང་མེ་གོང་ཆུ་བོའི་རྣམ་པ་གྲུབ་པར་བྱས་པ་དང་། ཉིན་རེར་འཕེལ་རྒྱས་སུ་གཏོང་བ་དང་། ཟླ་རེར་གྲུབ་འབྲས་ཡོད་པ། ལོ་རེར་ཆུ་ཚད་མཐོར་འདེགས་བྱེད་པའི་རྫ་ཆུ་དང་མེ་གོང་ཆུ་བོའི་མྱུར་ཚད་གསར་སྐྲུན་བྱས་ལ། འདྲ་མཉམ་དང་ལྷག་བསམ་རྣམ་དག་གིས་ཕན་ཚུན་རོགས་རེས་བྱེད་པ། ཁྱིམ་ཚང་གཅིག་ལྟ་བུའི་རྫ་ཆུ་དང་མེ་གོང་ཆུ་བོའི་རིག་གནས་སྐྱེད་སྲིང་བྱས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་དེ་རང་ས་ཁུལ་གྱི་ཆེས་གསོན་ཤུགས་ལྡན་པ་དང་གྲུབ་འབྲས་ལྡན་པའི་མཉམ་ལས་རྐྱེན་སྲོལ་གྲས་ཀྱི་གཅིག་ཏུ་གྱུར་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མེ་གོང་ཆུ་བོའི་རྒྱལ་ཁབ་དང་མཉམ་དུ། རྫ་ཆུ་དང་མེ་གོང་ཆུ་བོའི་བཞུར་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁུལ་གསར་སྐྲུན་བྱེད་པ་དང་། རྫ་ཆུ་དང་མེ་གོང་ཆུ་བོའི་རྒྱལ་ཁབ་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད། གཅིག་ནས། ཆུའི་ཐོན་ཁུངས་ཐད་ཀྱི་མཉམ་ལས་བཟང་བོར་སྤེལ་བ་དང་། གཉིས་ནས་ཆུ་བེད་སྒྲིག་ཆས་འཛུགས་སྐྲུན་སོགས་ཐོན་ནུས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། གསུམ་ནས་ཞིང་ལས་མཉམ་ལས་རྒྱ་སྐྱེད་པ། བཞི་ནས་མི་ཤུགས་ཐོན་ཁུངས་ཐད་ཀྱི་མཉམ་ལས་མཐོར་འདེགས་བྱེད་པ། ལྔ་ནས་སྨན་བཅོས་འཕྲོད་བསྟེན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཞུགས་འགོ་ཁྲིད་མི་སྣས་ཙུང་ལི་ལིས་ཁི་ཆང་གིས་བཏོན་པའི་གྲོས་གཞི་དེ་མེ་གོང་ཆུ་བོའི་རྒྱལ་ཁབ་ཀྱི་ཡུན་རིང་གི་ཁེ་ཕན་དང་མཐུན་ཞེས་བསྔགས་བརྗོད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཐད་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས་ལ། རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་རྒྱུན་མ་ཆད་པར་རྒྱ་སྐྱེད་པ་དང་། ཆུའི་ཐོན་ཁུངས་དང་མཉམ་འབྲེལ་མཉམ་མཐུད། ཞིང་ལས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་དང་རྒྱུན་བསྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གྲོས་ཚོགས་གྲོལ་རྗེས། ལིས་ཁི་ཆང་ལོ་ཝོས་སྐབས་རྗེས་མའི་རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་ཀྱི་ཐུན་མོང་གི་ཀྲུའུ་ཞིའི་འགན་ཁུར་བའི་བརྒྱུད་སྤྲོད་མཛད་སྒོ་ལ་ཞུགས།