ཞི་ཅིན་ཕིང་གིས་དབྱིན་ཇིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཁ་མེས་ལུང་ལ་མཇལ་འཕྲད་གནང་།

ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེས་ལུང་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཅིག་ཉིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་དབྱིན་ཇིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཁ་མེས་ལུང་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཁ་མེས་ལུང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་འཁུར་སྐབས་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་སོང་བ་དང་། གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ། མི་གཞུང་བརྗེ་རེས་ཇེ་མང་དུ་སོང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་དངོས་བསྐྲུན། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་འབྲེལ་འདྲིས་དང་བརྗེ་རེས། མཉམ་ལས་བཅས་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། གཅིག་རྒྱུད་ལམ་གཅིག་འཛུགས་སྐྲུན་སྤྱི་ཁོག་དང་བཅས་པའི་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ་དང་། ཆུ་ཚད་སྔར་ལས་མཐོ་བ། རིམ་པ་སྔར་ལས་མང་པོ་བཅས་ཁྲོད་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཁ་མེས་ལུང་གིས་ཞི་ཅིན་ཕིང་གིས་མཇལ་འཕྲད་གནང་བར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས། ཁ་མེས་ལུང་གིས་བཤད་རྒྱུར། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་དེས་དབྱིན་ཇི་དང་ཀྲུང་གོ་གཉིས་ཀྱི་མཉམ་ལས་ལ་གོ་སྐབས་གསར་བ་བསྐྲུན། ངས་དབྱིན་ཇི་དང་ཀྲུང་གོ་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཡིད་ཆེས་བཅངས་པར་མ་ཟད། དབྱིན་ཇི་དང་ཀྲུང་གོ་བར་ཕན་ཚུན་རྒྱུས་ལོན་བྱེད་པ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ནུས་པ་བཟང་བོ་མུ་མཐུད་དུ་འདོན་སྤེལ་བྱེད་འདོད་ཡོད་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་སོགས་མཇལ་འཕྲད་ལ་ཞུགས།