ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་སྲིད་འཛིན་སློབ་གླིང་དང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཡོན་ཀྲང་གྲོས་ཚོགས་སྟེང་ལིག་ཉིང་གིས་གཏམ་བཤད་གནང་བ།

མཚོ་སྔོན་སགར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ1པོའི་ཚེས10ཉིན་ནས་ཚེས11ཉིན་བར། ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་སྲིད་འཛིན་སློབ་གླིང་དང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཡོན་ཀྲང་གྲོས་ཚོགས་ཟི་ལིང་ནས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་ཝང་ཡུས་པོ་ཡིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས། ལིག་ཉིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་གཉིས་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློས་རང་ཉིད་ཀྱི་ནང་སེམས་བརྒྱན་ནས། ལག་ལེན་ལ་མཛུབ་སྟོན་བྱས་མཐར། བར་མ་ཆད་པའི་སྒོ་ནས་དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་དང་སློབ་གླིང་གི་ལས་དོན་འཕེལ་རྒྱས་ལ་རྣམ་པ་གསར་བ་ཞིག་བཏོད་ཐུབ་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་ལས་དོན་གྲོས་ཚོགས་བསྡུས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སློབ་གྲྭ་དང་སློབ་གླིང་གིས་ནན་ཏན་སྒོས་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ལས་དོན་གྱི་ལྟེ་གནད་དཀྱིལ་སྙིང་དུ་འཛིན་པ་དང་ལས་དོན་སྤྱིར་ཞབས་འདེགས་ཞུ་བ། བློ་གཅིག་སེམས་གཅིག་གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཡང་དག་པའི་སློབ་སྒྲུབ་ཁ་ཕྱོགས་ལ་གོ་བ་ཡང་དག་བླངས་པ་དང་། འགན་ནུས་དང་ཁག་ཁུར་གྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། སློབ་ཁྲིད་ཟབ་སྦྱོང་གི་འོས་འགན་གཙོ་བོ་ཡོངས་འགྲུབ་བྱས་པ་རེད། དེ་མིན་ད་དུང་གནད་ས་འབུར་ཐོན་ཡོང་བར་བྱེད་པ་དང་ཚན་རིག་ཞིབ་འཇུག་གི་འདྲི་རྩད་སྤུས་ཀ་ཇེ་མཐོར་གཏོང་བ། བཅོས་སྒྱུར་གསར་གཏོད་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བཅས་ལ་འབད་དེ། གནད་དོན་འབུར་ཐོན་ཐག་གཅོད་དང་མ་ལག་མཉམ་སྒུལ་རྒྱུན་འཁྱོངས། ལས་དོན་མཛུབ་སྟོན་བྱེད་ཤུགས་ཇེ་དྲག་བཅས་སུ་བཏང་ནས། ལས་རིམ་ཁག་སོ་སོའི་བྱ་བར་གྲུབ་འབྲས་གསར་བ་ལོན་ཡོད་པར་མ་ཟད། དུས་རབས་གསར་བའི་སློབ་གྲྭ་དང་སློབ་གླིང་གི་ལས་དོན་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི་གཞུང་ལུགས་སློབ་གསོ་དང་ཏང་གཤིས་སློབ་གསོའི་ནང་དོན་གཙོ་བོར་འཛིན་དགོས་པ་དང་། སེམས་ཞིབ་མོས་སློབ་ཁྲིད་བཀོད་སྒྲིག་དང་སློབ་སྒྲུབ་བྱེད་ཕྱོགས་གསར་གཏོད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློ་དྲིལ་སྒྲོག་བྱེད་སའི་སློབ་གྲྭ་དང་སློབ་གླིང་བཟང་བོ་རུ་འགྱུར་བར་བརྩོན་དགོས་ཟེར། ཕུགས་བསམ་འདུ་ཤེས་དང་ཆབ་སྲིད་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། ཁག་ཁུར་གྱི་འདུ་ཤེས་རྣལ་མ་འཛིན་པ། ལས་དོན་སྒྲུབ་པའི་ནུས་པ་ཇེ་མཐོར་གཏོང་བ། འགྱུར་མེད་ཀྱི་བྱེད་ཕྱོགས་འཛིན་པ་བཅས་ལ་འབད་མཐར། ཁྱོན་ཡོངས་ནས་སློབ་གྲྭ་དང་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བའི་དཔུང་སྡེ་རྒྱ་སྐྱེད་གཏོང་བ་དང་ཁོ་ཚོའི་སྤུས་ཚད་ཇེ་མཐོར་གཏོང་དགོས་ཟེར།

ཝང་ཡུས་པོ་ཡིས་བླང་བྱ་བཏོན་ནས་གསུངས་རྒྱུར། རིམ་པ་སོ་སོའི་སློབ་གྲྭ་དང་སློབ་གླིང་གི་འབྲེལ་བར་གོ་བ་ཡང་དག་ལེན་པ་དང་ཐག་གཅོད་ཡག་པོ་བྱས་ཏེ། མ་ལག་གི་དགེ་མཚན་འདོན་དགོས་ལ། རིམ་པ་སོ་སོའི་སློབ་གྲྭ་དང་སློབ་གླིང་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རིམ་པ་སོ་སོའི་སྡེ་ཁག་བཅས་བར་གྱི་འབྲེལ་བར་གོ་བ་ཡང་དག་བླངས་ནས། མཉམ་སྒུལ་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར། 

ལོ་ཙཱ་བ། ཤ་མོ་འཚོ།