རྨ་ཆེན་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་བསམ་བློ་གསར་བ་དང་དགོངས་དོན་གསར་བ་གཞི་རིམ་མང་ཚོགས་ལ་སྒྲོག་འགྲེལ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཉེ་བའི་ལོ་ཤས་རིང་།རྨ་ཆེན་རྫོང་གིས་རྒྱུན་ཆད་མེད་པའི་སྒོ་ནས་དྲིལ་སྒྲོལ་རྣམ་པ་གསར་གཏོད་བྱས་ཏེ།བོད་རྒྱ་སྐད་གཉིས་ཀྱི་སྒོ་ནས་སྒྲོག་འགྲེལ་བྱེད་པར་མཐོང་ཆེན་བྱས་པ་དང་།མང་ཚོགས་གསར་འགྱུར་ལ་ཉན་དགའ་བའི་རྣམ་པ་བརྒྱུད་ནས།སྡེ་བ་སོ་སོ་དང་།སྡོད་ཁུལ་སོ་སོ།འབྲོག་པའི་ཁྱིམ་ཚང་རེ་རེ་སོང་ནས་ཁ་གཏད་དང་སེམས་གཏད་ཀྱི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འབྲེལ་བྱེད་པའི་བྱེད་སྒོ་སྤེལ་ཏེ།སྒྲོག་འབྲེལ་ཁྱབ་སྤེལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་བར་མ་ཟད།ཁ་གཏད་རང་བཞིན་དང་།དངོས་ཕན་རང་བཞིན་གྱི་སྒོ་ནས་དོན་དངོས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་ནས་སྒྲོག་འགྲེལ་བྱས་པ་རེད།

རྨ་ཆེན་རྫོང་གིས་གཞི་རིམ་གྱི་སྡེ་བ60ལྷག་རྩ་འཛུགས་བྱས་ཏེ།སྡེ་བའི་ཨུ་ལྷན་43ལྷག་གིས་སྣེ་ཁྲིད་ནས།བོད་རྒྱ་སྐད་གཉིས་ཀྱི་སྒོ་ནས་སྒྲོག་འབྲེལ་བྱེད་ཐུབ་པའི་སྡེ་དཔོན་རྩ་འཛུགས་བྱས་ཏེ་སྡེ་བ་དང་ཁྱིམ་ཚང་དུ་སོང་བ་རེད།སྒྲོག་འབྲེལ་བྱེད་པའི་རུ་ཁག་མི་གཅིག་པའི་འཇུག་སྒོ་སོ་སོར་བགོས་ནས།སྙན་ཞུའི་ནང་དོན་དང་ཁོ་ཚོའི་ཐོན་སྐྱེད་འཚོ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།ལས་བྱེད་པ་དང་མང་ཚོགས་ཀྱིས་གོ་བ་ཟབ་མོ་བླངས་པ་རེད།ཁ་གཏད་ཡོད་པའི་རང་བཞིན་གྱིས་སྒྲོག་འགྲེལ་བྱས་པ་རེད།ཞང་སྡེ་དར་སྤེལ་འཐབ་ཇུས་དང་ས་ཞིང་གི་འགན་གཙང་ལེན་ཐད་ཀྱི་སྲིད་ཇུས། གཞི་རིམ་དམངས་གཙོའི་ཁྲིམས་སྐྱོང་བཅས་འགྲེལ་བཤད་བྱེད་པ་གཙོར་བཟུང་བར་མ་ཟད། མིག་སྔའི་གནད་འཁེལ་དབུལ་སྐྱོར་དབུལ་ཐར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཐུམ་འབུའི་ནད་སོགས་དང་ཟུང་འབྲེལ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་པ་དང་མང་ཚོགས་ཀྱིས་གོ་སླ་བའི་བྱེད་ཐབས་སྤྱད་དེ་གཞི་རིམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། གཞི་རིམ་ཏང་ཡོན་ལས་བྱེད་པས་བསྟན་དོན། ང་ཚོའི་གོ་སླ་བའི་བྱེད་ཐབས་སྤྱད་དེ་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་ང་ཚོར་སྔར་ལས་ལྷག་པའི་སྒོ་ནས་ཚོགས་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་དུ་བཅུག་པ་དང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་བྱེད་པའི་ཐད་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

རྨ་ཆེན་རྫོང་གིས་ད་རུང་རིག་རྩལ་གྱི་རྣམ་པ་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས་མང་ཚོགས་ཀྱིས་ཚོགས་ཆེན་གྱི་དགོངས་དོན་ལ་རྒྱུན་ལོན་གཏིང་ཟབ་བྱེད་པའི་དགོས་མཁོ་བསྐང་བ་དང་། རིག་རྩལ་གྱི་རྣམ་པ་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་འགྲན་སྡུར་བྱ་འགུལ་སྤེལ་ཏེ་ཕུལ་བྱུང་འདེམ་པའི་རྣམ་པ་བརྒྱུད་ནས་སློབ་སྦྱོང་འགྲན་སྡུར་དང་རོགས་སྐྱོར་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་པ་རེད།   

ལོ་ཙཱ་བ། ཤ་མོ་འཚོ།