མདོ་ལ་རྫོང་སྤྱི་ཁྱབ་བཟོ་ཚོང་ཚོགས་པས་བྱེད་ཐབས་སྣ་མང་བཏོན་ཏེ་དམངས་ཚིས་ཇེ་ལེགས་སུ་བཏང་ནས་ལས་བཟོ་བའི་ཁེ་དབང་སྲུང་སྐྱོབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ད་ལོའི་བར།མདོ་ལ་རྫོང་སྤྱི་ཁྱབ་བཟོ་ཚོང་ཚོགས་པས་གཉིས་སློབ་གཅིག་སྒྲུབ་རྒྱུན་རྣམ་དང་ལམ་ལུགས་ཅན་གྱི་བླང་བྱ་ལྟར།རང་འབབ་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་།ཞབས་ཞུའི་གནས་བབས།གསར་གཏོད་དང་དགེ་མཚན་བརྩོན་ལེན་བྱས་ཏེ།ལས་བཟོ་བའི་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་།དམངས་ཚིས་ལེགས་བཅོས་ཞབས་ཞུ།སྤྱི་ཚོགས་འཆམ་མཐུན་སོགས་ཀྱི་ཐད་ནས་ཧུར་ཐག་གིས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་འཛུགས་སྐྲུན་བྱས་པར་མ་ཟད།སྤྱི་ཁྱབ་བཟོ་ཚོང་ཚོགས་པའི་ལོ་ཧྲིལ་བོའི་བྱ་བའི་འོས་འགན་ཁག་ཡོངས་འགྲུབ་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།མདོ་ལ་རྫོང་སྤྱི་ཁྱབ་བཟོ་ཚོང་ཚོགས་པས་ཁེ་ལས་114དང་ཚོགས་མི་4071རྩ་འཛུགས་བྱས་ཏེ།མདོ་ལ་རྫོང་སྤྱི་ཁྱབ་བཟོ་ཚོང་ཚོགས་པས་འགན་འཁྲའི་གྲུབ་ཆ་གཙོ་བོ་ལྔ+འོས་འགན་ཆེན་པོ་བཞི་ཡི་རྣམ་པའི་འགན་འཁྲིའི་གྲུབ་ཆ་གཙོ་བོ་བརྒྱུད་དེ།སློབ་གཉིས་གཅིག་སྒྲུབ་ནི་བསམ་བློའི་སློབ་གསོའི་འཇུག་སྒོ་རུ་བཟུང་ནས།ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་དང་ཁུལ།རྫོང་རིམ་པའི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་རྩ་འཛུགས་བྱས་པ་རེད།

མདོ་ལ་རྫོང་གི་རིམ་པ་སོ་སོའི་སྤྱི་ཁྱབ་བཟོ་ཚོང་ཚོགས་པས་གནད་འཁེལ་དབུལ་སྐྱོར་དང་།མི་རིགས་མཐུན་སྒྲིལ།ཁྱབ་ཁོངས་ཡོངས་ཀྱི་ཡུལ་སྐོར།སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སོགས་ལ་གཞིགས་ནས་རྫོང་ཡོངས་ཀྱི་འཐབ་ཇུས་རྩ་འཛུགས་བྱས་པ་དང་།ཁྱབ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་དང་།རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ས་ཚུགས་ཀྱི་རྫོང་ནི་འགག་རྩ་རུ་བཟུང་ནས་གྲོང་ཁྱེར་གསུམ་དང་ཁུལ་གསུམ་ཅན་འཛུགས་སྐྲུན་བྱས་པ་རེད།སྤྱི་ཕན་རང་བཞིན་གྱི་ཁེ་ལས་མ་ཡིན་པ་དང་།གཏེར་ལས་བཟོ་གྲྭ་སོགས་ནས་བདེ་འཇགས་ཐོན་སྐྱེད་ཟླ་ཡི་བྱེད་སྒོ་སོགས་གཏིང་ཟབ་སྒོས་སྤེལ་ཏེ།རྒྱ་ཆེའི་ལས་བཟོ་བ་ཡོངས་ཀྱིས་མཛེས་པའི་མདོ་ལ་འཛུགས་སྐྲུན་བྱེད་པ་དང་།བདེ་སྐྱིད་ཀྱི་མདོ་ལ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་པར་སྣེ་ཁྲིད་པར་རྩ་འཛུགས་བྱས་པ་རེད།

མདོ་ལ་རྫོང་སྤྱི་ཁྱབ་བཟོ་ཚོང་ཚོགས་པས་མདོ་ལ་རྫོང་ངལ་རྩོལ་ལྟ་སྐུལ་དོ་དམ་རུ་ཁག་དང་མཉམ་འབྲེལ་སྒོས་ཁེ་ལས་གཙོ་བོ་ནས་ཁྲིམས་ལྟར་ཞིབ་བཤེར་བྱས་ཏེ།ཞིང་བ་ཞོར་ལས་པར་ཆད་འགྱངས་བྱས་པའི་གླ་ཕོག་ལག་དུ་བྱིན་པ་དང་།ངལ་རྩོལ་གན་རྒྱ་1198ལྷག་ཁ་གསབ་བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།