རང་ཞིང་གིས་གནོད་འཚེའི་གནས་ཚུལ་སྙན་ཞུའི་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་བ་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས87ཐོག་《རང་ཞིང་གི〈རང་བྱུང་གནོད་སྐྱོབ་སྲོལ་ཡིག〉ལག་བསྟར་བྱེད་ཐབས》( གཤམ་དུ་བསྡུས་མིང་ལ《 བྱེད་ཐབས་》ལ་གྲོས་ཞིབ་གྲོས་འཆམ་བྱུང་སྟེ། 2017ལོའི་ཟླ12པའི་ཚེས28ཉིན་ལ་འགྲེམས་སྤེལ་བྱས་ནས2018ལོའི་ཟླ1པའི་ཚེས28ཉིན་ལ་ལག་བསྟར་བྱ་རྒྱུ་ཐག་བཅད།

རང་ཞིང་མཚོ་བོད་མཐོ་སྒང་དུ་གནས་ཡོད་པ་དང་། རང་བྱུང་གི་ཁོར་ཡུག་ཞན་པ་དང་། རང་བྱུང་གནོད་འཚེ་མང་དུ་བྱུང་བ། ཚན་རིག་དང་མཐུན་པའི་སྒོ་ནས་རང་བྱུང་གི་གནོད་འཚེའི་རོགས་སྐྱོབ་ལས་དོན་ཚད་ལྡན་དུ་གཏོང་བ་དང་།གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་གཞི་རྩྭའི་འཚོ་བར་དངོས་སུ་འགན་སྲུང་བྱས་ནས་ཚད་ཆེས་ཆེ་བའི་སྒོ་ནས་རང་བྱུང་གནོད་འཚེའི་བཟོས་པའི་གྱོང་གུན་ཇེ་ཉུང་དུ་གཏང་བ། དཔལ་འབྱོར་སྤྱི་ཚོགས་བསྟུད་མར་ངང་འཕེལ་རྒྱས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

《 བྱེད་ཐབས》 ནང་སྤྱིའི་རྩ་དོན་དང་། རོགས་སྐྱོབ་གྲ་སྒྲིག གནོད་འཚེའི་གནས་ཚུལ་སྙན་འབུལ། འཕྲལ་བསྟུན་རོགས་སྐྱོབ། གནོད་རྗེས་རོགས་སྐྱོབ། རོགས་སྐྱོབ་མ་དངུལ་དང་དངོས་པོ་དོ་དམ། ལས་ཁུངས་དང་མི་སྒེར་གྱིས་འགན་འཁྲི་དང་འོས་འགན། ཟུར་བཀོད་བཅས་ལེའུ་བརྒྱད་དང་བསྡོམས་པའི་དོན་ཚན27 ཡོད།

《 བྱེད་ཐབས》དེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི 《 རང་བྱུང་གནོད་འཚེའི་རོགས་སྐྱོབ་སྲོལ་ཡིག》 གི་གཞི་རྩའི་རྩ་དོན་ལ་གཞིགས་ནས་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁ་གསབ་དང་ཞིབ་ཚགས་སུ་བཏང་ཡོད། གཙོ་བོ་ཕྱོགས་གཉིས་ནས་མཚོན་པ་སྟེ། གཅིག་ནས་གནོད་འཚེའི་གནས་ཚུལ་སྙན་འབུལ་དེ་ལེའུ་ཆེད་བཀོད་ནང་འགོད་རྒྱུ་དང་གནོད་འཚེའི་གནས་ཚུལ་སྙན་འབུལ་གྱི་ལམ་སྲོལ་ལ་སྔར་བས་ཚད་ལྡན་དང་འཐུས་ཚང་དུ་གཏོང་བ་དང་། སྙན་ཞུའི་ནང་དོན་དང་སྙན་འབུལ་དུས་བཅད་ནང་ནན་བཤད་བྱས་ཏེ། སྡེ་ཁག་རིམ་པ་ཁག་གི་འགན་འཁྲི་ཁ་གསལ་བཟོ་རྒྱུ་དང་དང་། བབ་བསྟུན་གྱི་གཏན་འབེབས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གནོད་འཚེའི་གནས་ཚུལ་བསྡོམས་རྩིས་སྙན་འབུལ་གྱི་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་མཐུན་ལ། རང་ཞིང་གི་རིམ་པ་ཁག་གི་དམངས་སྲིད་སྡེ་ཁག་གི་དུས་ཡུན་རིང་པོའི་ལས་ཀའི་ལག་ལེན་གྱི་ཉམས་མྱོང་བསྡུ་ལེན་བྱས་ནས་རང་ཞིང་གི་གནོད་འཚེའི་གནས་ཚུལ་སྙན་འབུལ་ལས་དོན་དོ་དམ་ཚད་ལྡན་དུ་བཏང་བས། རང་བྱུང་གནོད་འཚེར་ཁ་གཏད་འཇལ་བ་དང་། རང་བྱུང་གནོད་འཚེར་རོགས་སྐྱོབ་ལས་དོན་རྩ་འཛུགས་ཁྲོད་ཀྱི་འགན་འཁྲི་དང་འོས་འགན་བཟོས་ནས་གནོད་རྗེས་སྤྱི་ཚོགས་ཀྱི་སྒྲིག་ལམ་ཚད་ལྡན་དང་། སྤྱི་ཚོགས་སྟོབས་ཤུགས་གནོད་སྐྱོབ་ནང་ཞུགས་པ། རང་བྱུང་གནོད་འཚེར་ཁ་གཏད་འཇལ་པ་བཅས་ཀྱི་ནུས་པ་མཐོར་འདེགས་བྱ་རྒྱུ་ཐད་ལག་ལེན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

ལོ་ཙཱ་བ། གཡང་སྐྱིད།