ཁྲི་ཀ་རྫོང་གིས་བདེ་ཐང་དབུལ་སྐྱོར་ཐད་བྱ་ཐབས་གསར་པ་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། 2017ལོ་ནས་བཟུང་། བདེ་ཐང་དབུལ་སྐྱོར་ལས་དོན་གཏིང་ཟབ་ཏུ་སྤེལ་བར་འགན་ལེན་བྱ་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་རོང་འབྲོག་ཁུལ་གྱི་འཕྲོད་བསྟེན་སྨན་བཅོས་རྨང་གཞིའི་ལས་དོན་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་པ་དང་། སྨན་བཅོས་ཆུ་ཚད་ཧུར་ཐག་གིས་ཇེ་མཐོར་བཏང་སྟེ། མང་ཚོགས་དབུལ་པོ་ལ་སྤྱི་པའི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ།  གཞི་རྩའི་སྨན་བཅོས་སོགས་ཞབས་ཞུ་སྟབས་བདེ་ཞིང་ནུས་མཐོ་དང་དོ་སྙོམས་ཅན་སྐྲུན་པ་དང་། མང་ཚོགས་ནད་གཞི་རྐྱེན་གྱིས་སླར་ཡང་དབུལ་པོར་འགྱུར་བའི་རྣམ་པ་ནུས་ལྡན་གྱིས་ཇེ་ཉུང་དུ་བཏང་བ་རེད།

བདེ་ཐང་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་ཁྲོད། ཁྲི་ཀ་རྫོང་གིས་རོང་འབྲོག་ཁུལ་གྱི་ནད་གཞི་རྐྱེན་གྱིས་སླར་ཡང་དབུལ་པོར་འགྱུར་བའི་རྣམ་པ་དེ་གཙོ་གནད་སྒོས་དམིགས་ནས་རིམ་དབྱེ་འགན་ལེན་དང་། དྲ་མིག་ཅན་གྱི་དོ་དམ་བྱེད་སྟངས་དུམ་དབྱེ་ལག་བསྟར་བྱས་པ་བརྒྱུད་དེ།  འཕྲོད་བསྟེན་ཁོངས་གཏོགས་ཀྱི་ལས་བྱེད་པ་300ལྷག་སྒྲིག་འཛུགས་བྱས་ཏེ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་7དང་སྡེ་བ་27གྱི་དུད་ཚང་དབུལ་བོ་357ལ་བདེ་ཐང་དབུལ་སྐྱོར་ལག་བསྟར་བྱས་པ་དང་། ནད་གཞི་རྐྱེན་གྱིས་སླར་ཡང་དབུལ་པོར་འགྱུར་བའི་མི་1071ཡོད་པ་རེད།  2017ལོའི་ཟླ11པའི་ཟླ་མཇུག་བར་དུ།  གན་གཞི་རྐྱེན་གྱིས་སླར་ཡང་དབུལ་པོར་འགྱུར་བའི་དུད་ཚང་དབུལ་པོ་357དང་མི963ལ་འཚམས་འདྲིར་ སོང་བ་དང་། སྒོར་ཁྲི7.59ཡི་སྨན་བསྐྱལ་བ་མ་ཟད་སྒོར་ཁྲི10.7གྱི་རོགས་སྐྱོར་གནང་བ་རེད།

ནད་གཞི་རྐྱེན་གྱིས་སླར་ཡང་དབུལ་པོར་འགྱུར་བའི་ཁྱིམ་ཚང་ལ་མདོག་དམར་པོ་དང་ལྗང་ཁུ། སེར་པོ་དང་སྔོན་པོ་བཅས་མདོག་རིགས་4ཡིས་དབུལ་པོའི་ཚད་མི་འདྲ་བའི་ཁྱིམ་ཚང་མཚོན་པར་བྱས་པ་དང་། མདོག་དམར་པོ་ཡིས་ནད་གཞི་ལྕི་མོ་ཡིན་པའི་ཁྱིམ་ཚང་དབུལ་པོ་མཚོན་པ་དང་།  ཆེད་བསྐོས་མི་སྣ་དུས་ཐོག་ཏུ་འཚམས་འདྲི་བྱེད་དུ་འགྲོ་དགོས་པ་རེད།  མདོག་ལྗང་ཁུ་ཡིས་དལ་གཤིས་ནད་རིགས་ཀྱི་ཁྱིམ་ཚང་དབུལ་པོ་མཚོན་པ་དང་། ཁྱིམ་ཚང་གི་གན་རྒྱ་བཞག་པའི་སྨན་པ་དུས་བཀག་ལྟར་ནད་ལ་བརྟག་དཔྱད་དང་སྨན་བཅོས་བྱེད་དགོས་པ་རེད།  མདོག་སེར་པོ་ཡིས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་མཚོན་པ་དང་། དུས་བཀག་ལྟར་ཁྱིམ་ཚང་དུ་སོང་ནས་ཞབས་ཞུ་བྱེད་དགོས་པ་རེད། མདོག་སྔོན་པོ་ཡིས་སྤྱིར་བཏང་གི་ནད་རིགས་ཁྱིམ་ཚང་དབུལ་པོ་མཚོན་པ་དང་། དགོས་མཁོ་ལྟར་རྗེས་སྙེག་ནས་ཞབས་ཞུ་བྱེད་དགོས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།