ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས110དྲིལ་སྒྲོག་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2018ལོའི་ཟླ1པའི་ཚེས10ཉིན་ནི་རྒྱལ་ཡོངས་ཀྱི་110དྲིལ་སྒྲོག་ཉིན་མོ་ཨང32ཡིན། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་110 དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་འཚོ་བ་ལྟ་སྐྱོང་ཞེས་པའི་བརྗོད་དོན་གཙོ་བོ་འདིར་དམིགས་ཏེ། ས་གནས་ཁག་གི་དོན་དངོས་དང་འབྲེལ་ནས་གསར་འགྱུར་ཁྱབ་བསྒྲགས་གྲོས་ཚོགས་བསྡུས་པ་དང་། སྒྲིག་འཛུགས་བྱས་ཏེ་དམག་སྒར་སྒོ་དབྱེའི་ཉིན་མོ་སྤེལ་བ་དང་། བསར་འཆར་བསྡུ་ལེན་བྱེད་སྒོ་སྤེལ་བ་སོགས་ཀྱི་རྣམ་པར་བརྟེན་ནས་དྲིལ་སྒྲོག་ལས་དོན་སྤེལ་བ་རེད།

བྱེད་སྒོ་སྤེལ་བའི་ཉིན་དེར་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཟི་ལིང་གྲོང་ཁྱེར་གྱི་སྤྱི་བདེ་ཅུའུ110བཀོད་འདོམས་ལྟེ་གནས་དང་། བདེ་སྐྱོང་། འགྲིམ་འགྲུལ་ཉེན་རྟོག་པ་སོགས་ཀྱི་ལས་ཁུངས་རྩ་འཛུགས་བྱས་ནས་ཟི་ལིང་གྲོང་ཁྱེར་གྱི་ལྟེ་གནས་ཐང་ཆེན་དུ་མཉམ་འབྲེལ་ཐོག་བརྗོད་དོན་གཙོ་བོའི་དྲིའི་སྒྲོག་བྱེད་སྒོ་སྤེལ། བྱེད་སྒོའི་ཡུལ་དངོས་སུ་ཉེན་རྟོག་པ་རིགས་ཁག་གི་ཚབ་བྱེད་མི་དམངས་ཉེན་རྟོག་པས་འགྲེམས་པང་སྒྲིག་བཀོད་དང་།དྲིལ་སྒྲོག་ལག་བདེ་འགྲེམ་གཏོང་དང་ཡུལ་དངོས་ནས་ལན་འདེབས་པ་སོགས་ཀྱི་བྱེད་སྟངས་ལ་བརྒྱུད་ནས་མང་ཚོགས་ལ་ཡུལ་དངོས་ནས་ཞབས་འདེགས་ཞུ་བ་དང་།  དམངས་ལ་ཉེ་བ་དང་། དམངས་ལ་དགའ་བ། དམངས་ལ་རྩི་བ་སོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་ནས་སྤྱི་དམངས་ཀྱི110ལ་ཉེན་བརྡ་བསྐྱལ་བའི་རྒྱུན་ཤེས་ལ་སྔར་བས་ཤུགས་བསྣན་བརྒྱབ།

དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་རྩ་འཛུགས་བདེ་སྐྱོང་དང་། ཆེད་འགན་འཁུར་མཁན་ཉེན་རྟོག་པ་དང་།  འགྲིམ་འགྲུལ་ཉེན་རྟོག་པ། དུག་འགོག ཐེམ་སྲིད།ཚན་རིག་ཆ་འཕྲིན།  ཚན་རིག་ཆ་འཕྲིན། རྒྱལ་མཚམས་འགྲོ་འོང་། མེ་ཟོན་མེ་འགོག་སོགས་ཀྱི་ཉེན་རྟོག་པའི་རིགས་ཁྲོམ་སྲང་དུ་བསྐྱོད་དེ། ཐང་ཆེན་དང་། ཚོང་ར་ཆེ་གྲས་ཁག་གིས་སྒོ་མདུན་སོགས་མི་ཚོགས་མང་པོའི་ས་ཁུལ་ནས110བློ་འདྲི་ཞབས་ཞུའི་དྲིལ་སྒྲོག་བྱེད་གནས་བཙུགས་ཏེ།  སྣ་མང་ཕུན་སུམ་ཚོགས་པ་དང་མང་ཚོགས་ཀྱི་རྣར་སྙན་ཡིད་འབབ་ཀྱི་རྣམ་པར་བརྟེན་ནས་སྤྱི་ཚོགས་ལ་ཁ་གཏད་ནས་གཙོ་གནད་མངོན་གསལ་དོད་པའི་སྒོ་ནས་བཀོད་འདོམས་ལྟེ་གནས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ཕན་འབྲས་དང་དེ་བཞིན110 སྣེ་ལེན་ཐག་གཅོད་ཀྱི་ཉེན་རྟོག་པའི་ཁྱབ་ཁོངས་སོགས་ཀྱི་ནང་དོན་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་ཡང་དག་པ་ཇི་ལྟར110 ལ་ཁ་པར་གཏོང་རྒྱུར་དྲན་སྐུལ་བཏང་།

ལོ་ཙཱ་བ། གཡང་སྐྱིད།