མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་པའི་ཏང་ཡོན་དགུན་དཔྱིད་སྐབས་ཀྱི་གསོ་སྦྱོང་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཏང་ཨུའི་ཏང་གི་ཚོགས་ཆེན་བཅུ་དགུ་པ འི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུ་སྐོར་གྱི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལྟར་ན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་སྡེའི་ཨུ་ཡོན་གཉིས་སྐབས་བརྗེའི་ལས་དོན་མཇུག་སྒྲིལ་རྗེས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ཏང་ཡོན་དགུན་དཔྱིད་དུས་སྐབས་ཀྱི་གསོ་སྦྱོང་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས་པ་དང་། གསོ་སྦྱོང2017ལོའི་ཟླ12པའི་ཟླ་སྨད་ནས་བཟུང་2018ལོའི་ཟླ3པའི་ཟླ་སྟོད་ལ་མཇུག་སྒྲིལ་རྒྱུ་དང་། རོང་འབྲོག་པའི་ཏང་ཡོན་རེར་གཅིག་བསྡུས་ཀྱིས་གསོ་སྦྱོང་དུས་ཡུན་ཉིན1ནས3ཡིན།

ཞིང་ཆེན་ཏང་ཨུ་རྩའི་འཛུགས་པུའུ་ཡིས་ཞིབ་ཚགས་ཀྱི་བཀོད་སྒྲིག་དང་། གྲོང་ཁྱེར་དང་ཁུལ་ཨུའི་རྩ་འཛུགས་ཡིས་དགུན་དཔྱིད་དུས་ཀྱི་གསོ་སྦྱོང་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱ་རྒྱུ་དང་། སྐབས་བརྗེ་བྱས་རྗེས་ཞིང་སྡེའི་ཨུ་ཡོན་གཉིས་ཀྱི་ཁོངས་མིའི་གསོ་སྦྱོང་དང་མཉམ་དུ་བཀོད་སྒྲིག་བྱས་ནས་དོན་དངོས་སུ་རྩ་འཛུགས་སྣེ་ཁྲིད་དང་མཛུབ་སྟོན་ལ་ཤུགས་སྣོན་བྱ་རྒྱུའི་བླང་བྱ་བཏོན་ཡོད།

དགུན་དཔྱིད་དུས་ཀྱི་གསོ་སྦྱོང་ལས་དོན་གྱིས་ཞང་དང་གྲོང་བརྡལ་དེར་ལས་ཁུངས་བྱས་ཏེ།རྫོང་གཅིག་ལ་རྟེན་གཞི་གཅིག་དང་རྫོང་གཅིག་ལ་ཁྱབ་ཆོས་གཅིག་གི་ཏང་ཡོན་སློབ་གསོའི་རྟེན་གཞིར་གཅིག་བསྡུས་ངང་སྤེལ་ཏེ། ས་གནས་ཁག་གི་གསོ་སྦྱོང་ཐོན་ཁུངས་ལེགས་སྒྲིག་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་དང་རིམ་པ་ཁག་གི་ཏང་གི་སློབ་གྲྭ་སོགས་ཀྱི་སྟོབས་ཤུགས་བརྟེན་ནས་སྤུས་ལེགས་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱས་ཏེ་གཞི་རིམ་དུ་བསྐྱོད་ནས་གཅིག་བསྡུས་ངང་དཔེ་ཁྲིད་བྱ་རྒྱུའི་བླང་བྱ་བཏོན།

ཏང་ཡོན་ཅུང་མང་པའི་ཞང་དང་གྲོང་བརྡལ་ལ་དུས་བགོས་དང་ཡང་ན་ཁག་བགོས་བྱས་ནས་སློབ་གསོ་རྩ་འཛུགས་བྱ་རྒྱུ་དང། ཆ་རྐྱེན་ཡོད་པའི་ས་གནས་དེ་རྫོང་དང་གྲོང་ཁྱེར་ཆུས་ཨུའི་རྩ་འཛུགས་པུའུ་ཡིས་ཐད་ཀར་ཁག་བགོས་ནས་གཅིག་བསྡུས་ངང་གསོ་སྦྱོང་བྱ་རྒྱུ་དང་།ཕྱིར་ཐོན་སྐོར་སྐྱོད་ཀྱི་ཏང་ཡོན་ལ་སྔོན་ནས་འབྲེལ་གཏུག་བྱས་ནས་ཁོ་ཚོ་ཕྱིར་ལོག་ནས་གསོ་སྦྱོང་ཁྲོད་ཞུགས་རྒྱུར་སྐུལ་སློངབྱ་དགོས་པ་དང་། ཕྱིར་ཕ་ཡུལ་དུ་ལོག་ཐབས་མ་བྱུང་ན་ད་གཟོད་དྲ་སྦྲེལ་ཐོག་གསོ་སྦྱོང་བྱེད་པའི་རྣམ་པ་སོགས་སྤྱད་ཆོག་པ་དང་། ན་རྒས་ལུས་ཞན་པ་དང་འགྲོ་འདུག་སྟབས་བདེ་མིན་པའི་ཏང་ཡོན་ཚོར་འོས་འཚམ་གྱི་བྱེད་སྟབས་སྤྱད་དེ་སློབ་སྦྱོང་སྒོ་ཁར་སྐྱེལ་ནས་ཞིང་འབྲོག་པའི་ཏང་ཡོན་ཚང་མར་གསོ་སྦྱོང་ཁྱབ་གང་ཐུབ་བྱ་དགོས།

ལོ་ཙཱ་བ། གཡང་སྐྱིད།