མཚོ་སྔོན་ཞིང་ཆེན་གྱིས་དཀའ་ངལ་ལས་བཟོ་པའི་རོགས་སྐྱོབ་མ་དངུལ་ཇེ་མཐོར་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་དུས་ཟི་ལིང་གྲོང་ཁྱེར་གྱི་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁེ་དབང་སྲུང་སྐྱོང་ཞབས་ཞུ་དང་། འགན་ནུས་ལ་རོགས་སྐྱོབ་རོགས་སྐྱོར་ལག་བསྟར་བྱས་ནས་ལོ་གསར་སྔོན་གྱི་དཀའ་ངལ་ལས་བཟོ་པར་རོགས་སྐྱོར་རོགས་སྐྱོབ་ལས་དོན་ཡག་པོར་སྒྲུབ་ཏེ། དཀའ་ངལ་ཡོད་པའི་ལས་བཟོ་པའི་དྲོ་སྐྱིད་ལྡན་པའི་ངང་དུས་ཆེན་རོལ་རྒྱུར་འགན་ལེན་བྱ་དགོས།

ཟི་ལིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་བཟོ་ཚོགས་མ་ལག་ལ་ཆེད་དོན་རྩ་འཛུགས་བྱས་ནས་དྲོ་སྐྱིད་སྦྱིན་པའི་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་ཏེ། རོགས་སྐྱོབ་ཁྱབ་ཁོངས་གཏན་འཁེལ་བྱས་ནས་ཁྱིམ་ཚང་གི་ཆ་སྙོམས་ཀྱི་ཡོང་འབབ་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ལས་དམའ་པའི་ལས་བཟོ་པའི་ཁྱིམ་ཚང་དང་། ཁྱིམ་ཚང་མིའི་ཆ་སྙོམས་ཀྱི་ཡོང་འབབ་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ལས་དམའ་བའི་ཁྱིམ་ཚང་། འོན་ཀྱང་ནད་དང་དེ་མིན་རྒྱུ་རྐྱེན་དམིགས་བསལ་ཅན་གྱི་རྐྱེན་ལས་འཚོ་བར་དཀའ་ངལ་འཕྲད་པའི་ལས་བཟོ་པའི་ཁྱིམ་ཚང་། ཁྱིམ་ཚང་གི་མིའི་ཆ་སྙོམས་ཡོང་འབབ་ས་གནས་དེའི་མ་མཐའི་འཚོ་བའི་འགན་སྲུང་ཚད་ཀྱི་ལྡབ3 ( ཚུད་པ) ནང་ཚུན་པ་དང་།   འོན་ཀྱང་ཐོལ་བྱུང་དོན་རྐྱེན་དང་དེ་བཞིན་རྒྱུ་རྐྱེན་གཞན་པའི་དབང་གིས་འཚོ་བར་དཀའ་ངལ་ཅན་གྱི་ལས་བཟོ་པའི་ཁྱིམ་ཚང་ལ་བཟོ་ཚོགས་ཀྱིས་དུས་ཆེན་གཉིས་ཀྱི་དྲོ་སྐྱིད་སྦྱིན་པའི་རོགས་སྐྱོབ་བྱ་ཡུལ་དུ་གཏན་འཁེལ་བྱས་ཏེ།ད་དུང་ཁོར་ཡུག་དང་འཕྲོད་བསྟེན་སྲུང་སྐྱོང་གི་ལས་མི་དང་། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ། སྤྱི་བདེ་ཉེན་རྟོག་ལག་གཡོག་དང་ཞིང་པ་ལས་མི་སོགས་མི་ཚོགས་ལ་རོགས་སྐྱོབ་བྱ་ཡུལ་གཙོ་བོའི་ཁོངས་སུ་འཇུག་པ་རེད་།

རྒྱུས་ལོན་བྱུང་བ་ལྟར་ན་ཟི་ལིང་གིས་རྫོང་དང་ཆུས་ཁག་ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི1067.5སྦྱིན་པ་དང་། རོགས་སྐྱོབ་མ་དངུལ་ཁྱིམ་ཚང་རེར་སྒོར་དེ་སྔོན་གྱི1500 ནས་ཁྱིམ་ཚང་རེར་སྒོར2500 ལེགས་སྒྲིག་བྱས་པ་རེད་། དུས་མཚུངས་སུ་ད་དུང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ལ་གཙང་འཇལ་བྱེད་པའི་ལས་དོན་ཡག་པོའི་སྒྲུབ་རྒྱུ་དང་། བཅའ་ཁྲིམས་ཞབས་ཞུའི་ཡན་ལག་རུ་ཁག་བཅུ་སྒྲིག་འཛུགས་བྱས་ནས་ཞིང་པ་ལས་མི་ཅུང་གཅིག་སྡུད་ཀྱི་འགྲིམ་འགྲུལ་དང་། བཟོ་སྐྲུན་ལས་ཡུལ།  འདེབས་འཛུགས་སྐྱེད་ཚལ་དང་བཟོ་སྐྲུན་ལས་རིགས་སོགས་གཙོ་གནད་ཁྱབ་ཁོངས་སུ་སོང་སྟེ་  ལག་གདང་སྦྲེལ་ནས་ཕུགས་འདུན་གཏོད་པའི་ཞིང་པར་ཞབས་འདེགས་ཞུ་བའི་ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་དང་སྤྱི་ཕན་བྱ་སྤྱོད་ཀྱི་བཅའ་ཁྲིམས་ཞབས་ཞུའི་བྱ་སྤྱོད་སྤེལ་ཏེ། རྒྱ་ཆེའི་ཞིང་པ་ལས་མིར་སྲིད་ཇུས་དང་བཅའ་ཁྲིམས་འདྲི་རྩད་དང་། ངལ་རྩོལ་གྱི་རྩོད་གཞི་ཐག་གཅོད་པ། བཅའ་ཁྲིམས་སམ་ཞུ་གཏུག་དང་འབྲེལ་བའི་གྱོད་དོན་ལས་ཚབ་ཞབས་ཞུ་སོགས་མཁོ་འདོན་བྱས་པ་རེད།

ཕྱོགས་ཡོངས་ནས་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་བཅོས་སྒྲིག་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་མིའི་ཚན་པའི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ། ཧུར་ཐག་ངང་འབྲེལ་ཡོད་སྡེ་ཁག་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ལ་གཙང་འཇལ་བྱས་པའི་ལས་དོན་ལ་གཞོགས་འདེགས་བྱས་ཏེ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གླ་ཕོགས་འགོར་འགྱངས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱས།

ལོ་ཙཱ་བ། གཡང་སྐྱིད།