ཧོར་གྲོང་རྫོང་གི་ཞིང་ལས་དཔེ་སྟོན་གླིང་ཁུལ།

ཧོར་གྲོང་རྫོང་གི་ཞིང་ལས་དཔེ་སྟོན་གླིང་ཁུལ་གྱིས་ཚན་རྩལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། བཟོ་གྲྭ་ཅན་གྱི་མྱུ་གུ་གསོ་བའི་ཐོན་སྐྱེད་བྱེད་སྟངས་སྤྱད་དེ།  དཔྱིད་ཀའི་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་ཐོན་སྐྱེད་ལ་སྤུལ་ལེགས་མྱུ་གུ་འདོན་སྤྲོད་བྱས་པ་དང་།  ཐེངས་འདིར་ཁྱོན་བསྡོམས་སྨི་གྲུ་བཞི་མ་2700མྱུ་གུ་འདེབས་འཛུགས་བྱས་ཤིང་། བཟོ་གྲྭ་ཅན་གྱི་མྱུ་གུ་གསོ་བ་དེ་ཧོར་གྲོང་རྫོང་གི་ཀྲུང་ལུགས་དང་བོད་སྨན་སྨན་རྫས་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།