རང་ཞིང་གི2017ལོའི་ལོ་སྨད་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཐོབ་ཐང་ངོ་རྒྱུགས་སྤྲོད་པའི་ལས་དོན་མཇུག་བསྒྲིལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས6ཉིན་ནས་ཚེས7ཉིན་ལ་རང་ཞིང་གི་2017ལོའི་ལོ་སྨད་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཐོབ་ཐང་གི་ངོ་རྒྱུགས་སྤྲོད་པའི་ལས་དོན་མཚོ་སྔོན་ཞིང་ཆེན་དགེ་འོས་སློབ་ཆེན་ནས་སྤེལ། ད་ཐེངས་ཀྱི་ངོ་རྒྱུགས་ལ་བསྡོམས་སློབ་ཚན་སྣ་ཁ43ཡོད་ལ།རྒྱུགས་ར70བཀོད་སྒྲིག་བྱས་པ་དང་།  སློབ་མ2526ངོ་རྒྱུགས་ལ་ཞུགས་ཡོད་པས་ན་ནིང་དང་བསྡུར་ན་མི1917ཡི་ཇེ་མང་དུ་སོང་ཡོད།

ཐེངས་འདིའི་རྒྱུགས་སྤྲོད་མཁན་ཆེས་ཆེར་ཇེ་མང་དུ་སོང་ཡོད་པ་དང་། རྒྱུགས་ལེན་དཔོན་པོའི་རྩ་འཛུགས་མཐུན་སྦྱོར་གྱི་ལས་འགན་དཀའ་ཚེགས་ཆེ་བའི་དོན་དངོས་དང་དམིགས་ཏེ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་སྤྲོད་ངོ་རྒྱུགས་ལས་དོན་ཡག་པོ་སྒྲུབ་ཆེད། ཞིང་ཆེན་སློབ་གསོ་ཐིན་གྱིས་ཚད་མཐོའི་མཐོང་ཆེན་དང་། ཡིག་རྒྱུགས་ལས་དོན་སྐོར་ལ་ཞིབ་ཕྲའི་བཀོད་སྒྲིག་བྱས་པ་མ་ཟད་ད་དུང་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ སློབ་གྲྭ་འབྲིང་ཆུང་གི་འཐབ་ཕྱོགས་དང་པོའི་རྐང་འཛིན་དགེ་རྒན224འཐེན་གཏོང་བྱས་ནས་ངོ་རྒྱུགས་རྒྱུགས་ལེན་དཔོན་པོའི་འགན་འཁུར་པ་རེད།

ངོ་རྒྱུགས་ལེན་སྐབས་ཞིང་ཆེན་སློབ་གསོ་ཐིན་གྱི་དགེ་རྒན་ལས་དོན་ཁྲུའུ་དང་། ཞིང་ཆེན་རྒྱུགས་སྤྲོད་དོ་དམ་ལྟེ་གནས་ཀྱི་འགན་ཁུར་པ་གཙོ་བོ་ཚང་མས་རྒྱུགས་ལེན་ཡུལ་དངོས་ལ་ཡོང་ནས་སྐོར་ཞིབ་ལས་དོན་ཞིབ་བཤེར་བྱས་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ལས་བགོས་འགན་གཉེར་གྱི་སློབ་གཙོ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣས་བརྒྱུད་རིམ་ཧྲིལ་པོར་བཀོད་འདོམས་བྱས་པ་དང་། ངོ་རྒྱུགས་ལས་དོན་མི་སྣ་ཡོངས་ཀྱིས་ལས་དུས་འཕར་སྣོན་བྱས་ནས་ཉིན་གཅིག་གི་ལས་ཀའི་དུས་ཡུན་ཆུ་ཚོདl 5 ཡན་ལ་སླེབས་ཡོད། ཡིག་རྒྱུགས་རྩ་འཛུགས་ཀྱི་སྒྲིག་ལམ་ཡག་པོ་ཡོང་བོར་འགན་ལེན་བྱས་ནས་ངོ་རྒྱུགས་སྤྲོད་པའི་ལས་དོན་བདེ་བླག་ངང་ལག་བསྟར་བྱས།

ལོ་ཙཱ་བ། གཡང་སྐྱིད།