མཚོ་སྔོན་གྱིས་ཕུལ་བྱུང་གྲོས་གཞི་དང་སྔོན་ཐོན་གྲོས་གཞི་འགན་སྒྲུབ་ལས་ཁུངས་དང་། སྔོན་ཐོན་གྲོས་གཞི་སྒྲུབ་མཁན། ཕུལ་བྱུང་འབྲེལ་གཏུག་པ་བཅས་ལ་གཟེངས་བསྟོད་བྱེད་པའི་གྲོས་ཚོགས་བསྡུས།

ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་ཕུལ་བྱུང་གྲོས་གཞི་དང་སྔོན་ཐོན་གྲོས་གཞི་འགན་སྒྲུབ་ལས་ཁུངས་དང་། སྔོན་ཐོན་གྲོས་གཞི་སྒྲུབ་མཁན། ཕུལ་བྱུང་འབྲེལ་གཏུག་པ་བཅས་ལ་གཟེངས་བསྟོད་བྱེད་པའི་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་མཱ་ཀྲི་ཝེ། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥིན་བཅས་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས།

གྲོས་ཚོགས་ལས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ་བཅས་ཀྱི་སྐབས་སུ་བཏོན་པའི་ཕུལ་བྱུང་གྲོས་གཞི་ང་ལྔ་དང་། སྔོན་ཐོན་གྲོས་གཞི་འགན་སྒྲུབ་ལས་ཁུངས་ཉེར་གཉིས། སྔོན་ཐོན་གྲོས་གཞི་སྒྲུབ་མཁན་ཉི་ཤུ། ཕུལ་བྱུང་འབྲེལ་གཏུག་པ་བཅོ་ལྔ་བཅས་ལ་གཟེངས་བསྟོད་བྱས།

རིན་ཆེན་རྣམ་རྒྱལ་གྱིས་གཏམ་བཤད་སྐབས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་གྲོས་གཞིའི་བྱ་བར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས་པར་མ་ཟད། དུས་རབས་གསར་བའི་སྲིད་གྲོས་ཀྱི་གྲོས་གཞི་དང་གྲོས་འདོན་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་ནས་བླང་བྱ་ཞིབ་ཕྲ་བཏོན། ཁོས་ནན་གྱིས་བསྟན་དོན། གྲོས་འདོན་བྱ་བས་རང་རྟོགས་སྒོས་གནས་བབ་གསར་བའི་འོས་འགན་གསར་བར་རུང་བསྟུན་བྱས་ཏེ། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་དགོས་པ་དང་། འོས་འགན་གཙོ་བོ་གཅིག་བསྡུས་བྱས་ཏེ། ཤུགས་ཆེན་པོས་རྣམ་པ་གསར་བ་ཞིག་བཏོད་དགོས། གྲོས་གཞིའི་སྤུས་ཚད་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ཏེ། གྲོས་གཞི་སྒྲུབ་ཤུགས་དང་གྲོས་མོལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་གྲོས་གཞི་བྱ་བའི་སྤྱིའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།