རང་ཞིང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས· ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》རྒྱ་བོད་ཤན་སྦྱར་གྱི་བཟོ་བཅོས་པར་གཞི་པར་སྐྲུན་འགྲེམ་སྤེལ་བྱས།

ཉེ་ཆར།  མཚོ་སྔོན་ཞིང་ཆེན་སྨན་རིགས་བརྟག་བཤེར་བརྟག་འཇལ་གླིང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཚད་གཞི་ཨུ་ཡོན་ལྷན་ཚོགས་གཞུང་ལས་ཁང་གིས་སྒྲིག་སྒྱུར་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས· ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》རྒྱ་བོད་ཤན་སྦྱར་གྱི་བཟོ་བཅོས་པར་གཞི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།


དེབ་འདི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས》རྒྱ་ཡིག་གི༢༠༡༥བཟོ་བཅོས་པར་གཞི་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》རྒྱ་ཡིག་གི༢༠༡༦བཟོ་བཅོས་པར་གཞི། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས》བོད་ཡིག་གི༢༠༡༥བཟོ་བཅོས་པར་གཞི། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》བོད་ཡིག་གི༢༠༡༦བཟོ་བཅོས་པར་གཞི་བཅས་ཁག་བཞི་རུ་ཕྱེ་ཡོད། དེ་དག་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས》ནི་སྨན་རིགས་ཀྱི་ལྟ་སྐུལ་དོ་དམ་ནང་དོན་གཅོ་བོ་ཡིན་ལ། སྨན་རིགས་ཀྱི་དཔྱད་བསྡུར་ཞིབ་བཤེར་དང་སྤུས་ཀ་བརྟག་བཤེར། སྨན་བཅོས་ཆ་དཔྱད་ཀྱི་ལྟ་སྐུལ་དོ་དམ། སྨན་རིགས་ཀྱི་ཐོན་སྐྱེད་བདག་གཉེར་དོ་དམ། སྨན་རིགས་ཀྱི་བསྟེན་སྤྱོད་དང་བདེ་འཇགས་ལྟ་སྐུལ་དོ་དམ།  སྨན་ཁང་གི་སྨན་རིག་ཚད་གཞི་ཅན་གྱི་དོ་དམ། སྨན་རིགས་ཀྱི་ཞིབ་བཤེར་ལྟ་སྐུལ་དོ་དམ། སྨན་རིགས་གཅིག་བསྡུས་འོས་སྐུལ་འོས་འཇུག་ཉོ་སྒྲུབ་ལྟ་སྐུལ་དོ་དམ་བཅས་གཏིང་ཟབ་ཅིང་རྒྱས་པར་བརྗོད་ཡོད་དེ། གསོ་སྨན་འཕྲོད་བསྟེན་ལས་དོན་དང་དར་རྒྱས་ཡོང་བ་ལ་ཚན་རིག་དང་མཐུན་པའི་མཛུབ་སྟོན་དོན་སྙིང་ལྡན་པ་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས》སྔར་ལས་ལེགས་པོའི་སྒོ་ནས་ལག་ལེན་དུ་བསྟར་བ་ལ་ཆེད་དུ་གཏན་འབེབས་བྱས་པ་ཡིན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས· ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》རྒྱ་བོད་ཤན་སྦྱར་གྱི་བཟོ་བཅོས་པར་གཞི་པར་སྐྲུན་འགྲེམ་སྤེལ་བྱས་པས་སྔར་ལས་ལེགས་པོའི་སྒོ་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་རིགས་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》དྲིལ་སྒྲོག་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་རིགས་སོ་སོའི་མང་ཚོགས་ལ་ཁ་གཏད་དེ་སྨན་རིགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཀྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། རིགས་སོ་སོའི་མང་ཚོགས་ཀྱི་སྨན་བསྟེན་བདེ་འཇགས་འདུ་ཤེས་ཁྱབ་གདལ་དུ་གཏོང་བར་ཤུགས་སྣོན་པ། རིགས་སོ་སོའི་མང་ཚོགས་ཀྱི་སྨན་བསྟེན་བདེ་འཇགས་ཆུ་ཚད་གོང་དུ་སྤེལ་བ་བཅས་ལ་སྐུལ་འདེད་ཀྱི་བྱེད་ནུས་གལ་ཆེན་འདོན་ངེས་ཡིན།                           (སྔོ་ཚང་པ་སྒྲོལ་མ་དོན་གྲུབ)