རང་ཞིང་གིས་དགུན་དུས་ཀྱི་ལས་རིགས་གསར་པའི་སྐོར་ནས་ཞིང་འབྲོག་པར་གསོ་སྦྱོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2017ལོ་ནས་བཟུང་སྟེ་ལས་རིགས་གསར་བའི་སྐོར་ནས་ཞིང་འབྲོག་པ་གསོ་སྐྱོང་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་བ་དང་། ཞིང་ལས་ཀྱི་ཁོམ་གསེང་བེད་སྤྱོད་གང་ལེགས་བྱས་ནས་གཅིག་སྡུད་ཐོག་གསོ་སྦྱོང་བྱས་པ་རེད། མིག་སྔའི་བར་ལས་རིགས་གསར་བའི་ཞིང་འབྲོག་པ6830གསོ་སྦྱོང་བྱས་ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་འཆར་གཞིའི་ལས་འགན་གྱི45%ལེགས་འགྲུབ་བྱུང་བ་རེད། དེའི་ཁྲོད་དུ་དེང་རབས་ཀྱི་ཞིང་ར་གཉེར་མཁན་གཞོན་ནུ200དང་།  གསར་དར་གཉེར་སྐྱོང་བྱེད་མཁན་སྣེ་འཁྲིད་པ6030། གནད་སྨིན་དབུལ་སྐྱོར་མི་གྲངས600བཅས་ལ་གསོ་སྦྱོང་བྱས་པ་རེད། གཅིག་གྱུར་གྱིས་འཛུགས་སྐྲུན་དང་། གཅིག་གྱུར་གྱིས་དོ་དམ་དང་བེད་སྤྱོད་ཀྱི་རྩ་དོན་ལྟར། ན་ནིང་ཟླ10 ནས་བཟུང་རང་ཞིང་གིས་ཞིང་ཆེན་དང་། ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ལས་རིགས་ཞིང་འབྲོག་པ་གསར་པ་གསོ་སྐྱོང་བྱེད་པའི་དགེ་རྒན་མིང་མཛོད་བཟོས་ཏེ།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཆེད་ལས་དང་ལས་འགན་གཅིག་ལྕོགས་ཀྱི་དགེ་རྒན་ཕུལ་བྱུང་ཅན740ཞིང་ཆེན་ཡོངས་ཀྱི་ལས་རིགས་གསར་པའི་ཞིང་པ་གསོ་སྐྱོང་བྱེད་པའི་དགེ་རྒན་མིང་མཛོད་ཁྲོད་དུ་བཅུག་པ་དང་། མིང་མཛོད་ནང་གི་90% ཡན་གྱི་དགེ་རྒན་ཁྲོད་ནས་གདམ་གསེས་གདན་ཞུ་བྱས་ཏེ། རྣམ་གྲངས་རྫོང་ཁག་གི་དགོས་མཁོ་དངོས་ལ་གཞིགས་ཏེ་ཞིང་ཆེན་དང་། ཁུལ་གྱི་དགེ་རྒན་གདན་ཞུ་ཞུས་ཏེ་གསོ་སྦྱོང་ལས་དོན་སྤེལ།

ལས་རིགས་གསར་པའི་ཞིང་པའི་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་གཏོང་བ་དང་། ཐོན་སྐྱེད་རྩལ་ནུས་དང་གཉེར་སྐྱོང་དོ་དམ་གྱི་ནུས་པ་འདེགས་པཪ་དམིགས་ཏེ། སྐྱེད་སྲིང་གི་ནང་དོན་གསར་གཏོང་དང་། (ཕྱོགས་བསྡུས་སློབ་ཚན)( 2 )+X ( ཆེད་སྦྱོང་སློབ་ཚན)+ 1 (ཆེད་དོན་སློབ་ཚན)  ལས་རིགས་གསར་པའི་ཞིང་འབྲོག་པར་གསོ་སྐྱོང་སློབ་ཚན་མ་ལག་བསྐྲུན་ནས་ཆེད་སྒྲིག་གི་ཆེད་དོན་སློབ་ཚན་སྒྲིག་འཛུགས་བྱེད་སྐབས་སྐྱེ་ཁམས་དཔལ་ཡོན་སློབ་གསོ་ནང་དོན་དུ་བཅུག་ལ། སློབ་ཁང་དུ་སློབ་ཁྲིད་བྱེད་པ་དང་ས་གནས་ས་ཐོག་ཏུ་དངོས་སྦྱོང་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་རིམ་དབྱེའི་གསོ་སྦྱོང་དང་ཐོན་སྐྱེད་ཀྱི་དུས་ཚིགས་དང་བསྟུན་ཅི་ཐུབ་བྱས་པས། ཞིང་འབྲོག་པའི་དགོས་མཁོ་དང་མཐུན་པའི་ལས་རིགས་གསར་པའི་སྐོར་གྱི་ཞིང་འབྲོག་པ་གསོ་སྦྱོང་བྱེད་སྟངས་གསར་བ་དང་སྣ་མང་ཞིག་ཆགས་ཡོད་པ་རེད།

དུས་མཚུངས་སུ་ཞིང་ཆེན་ཞིང་འབྲོག་ཐིན་གྱིས་མཐུན་སྦྱོར་དོ་དམ་གྱི་འགན་འཁུར་ཏེ། ཁུལ( གྲོང་ཁྱེར)དང་། རྫོང( གྲོང་ཁྱེར་དང་ཆུས) ཁག་གི་ཞིང་འབྲོག་ལས་ཁུངས་ཀྱིས་སྒྲིག་འཛུགས་ལག་བསྟར་བྱས་པ་དང་། རིམ་ཁག་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭ་དང་། ཞིང་ལས་ལས་རིགས་སློབ་གྲྭ་དང་སློབ་གྲྭ་ཆེན་མོ། ཞིང་ལས་ཚན་རིག་ཞིབ་འཇུག་ལག་རྩལ་ཁྱབ་སྤེལ་ལས་ཁུངས་གསོ་སྦྱོང་གི་ལས་འགན་འཁུར་བ་དང་། ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་གཉེར་སྐྱོང་གསར་བའི་གྲུབ་ཆ་གཙོ་བོ་དེ་གསོ་སྦྱོང་ཁྲོད་ཞུགས་ནས་སྣ་མང་སྐྱེད་སྲིང་གི་མ་ལག་ཞིག་བཙུགས།

ལོ་ཙཱ་བ། གཡང་སྐྱིད།