རང་ཞིང་གིས་ལས་ཁུངས་མང་ཤོས་ཀྱིས་ལྷད་མེད་འཁོར་ལམ་གྱི་དམིགས་གསལ་སྲིད་ཇུས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཚོགས། རིན་གོང་ལྟ་སྐུལ་ཞིབ་བཤེར་ཅུའུ། ཞིང་ཆེན་སྔོ་ཚོད་བཟོ་སྐྲུན་འཛུགས་བསྐྲུན་འགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་བཅས་ཀྱིས་སྟོད་པའི་ལམ་གླ་ས་ཚིགས་དང་ལུང་མདོའི་ལམ་གླ་ས་ཚིགས། མ་ཁྲང་ཧན་ལམ་གླ་ས་ཚིགས། དེ་མིན་ཞབས་ཞུའི་ས་ཁུལ་བཅས་སུ་རྒྱལ་ཁབ་ཀྱི་ལྷད་མེད་འཁོར་ལམ་སྲིད་ཇུས་ལག་བསྟར་དངོས་འབབ་བྱས་པ་དང་། ཞབས་ཞུའི་ས་ཁུལ་དུ་ཚོང་རྫས་རིན་གོང་ལག་བསྟར་བྱས་པའི་གནས་ཚུལ་དོན་དངོས་ལ་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་ཚོ་ཆུང་གིས་མ་ཁྲང་ཧན་ཞབས་ཞུའི་ས་ཁུལ་དུ་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས་པ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་བརྒྱུད་ཞིང་ཆེན་སྲིད་གཞུང་གིས་ལོ་སར་སྐབས་ཀྱི་དངོས་པོའི་རིན་གོང་གཏན་འཇགས་ཐད་ལ་འགན་སྲུང་ཁག་ཐེག་བྱས་པ་དང་ཁྲོམ་རའི་མཁོ་སྤྲོད་ཀྱི་འབྲེལ་ཡོད་དགོས་མཁོ་དང་ལྷད་མེད་འཁོར་ལམ་སྟེང་གི་རླངས་འཁོར་ལ་ཞིབ་བཤེར་བྱས་པ་རེད། རིགས་དབྱེ་དང་རྒྱུ་སྤུས། ཚད་གཞི་སོགས་འབྲེལ་ཡོད་དོན་དག་ཐད་ལ་བསམ་འཆར་བརྗེ་རེས་བྱས་པ་མ་ཟད། བཞུགས་མོལ་བྱ་བའི་ཚོགས་འདུའི་སྟེང་ལམ་གླ་བསྡུ་རུབ་ས་ཚིགས་དང་ཞབས་ཞུའི་ས་ཁུལ་གྱི་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་གནང་། དེ་མིན་སྔར་ལས་གོམ་གང་མདུན་སྤོས་ཀྱིས་མུ་མཐུད་དུ་ལྷད་མེད་འཁོར་ལམ་ཐད་ཀྱི་དམིགས་གསལ་རིན་དངུལ་ཇེ་དམའ་རུ་གཏོང་དའི་སྲིད་ཇུས་དེ་ལག་ལེན་མཐར་ཕྱིན་བྱས་ཤིང་། བྱེད་ཐབས་ལེགས་སྒྱུར་གྱིས་སྔར་ལས་འཐུས་ཚང་ཅན་དུ་བཏང་སྟེ། འགན་འཁྲི་ལས་བགོ་དང་ཞིབ་བཤེར་གནད་ལ་ཁེལ་བ། རླངས་འཁོར་གཏོང་བའི་མྱུར་ཚད་སྔར་ལས་སྟབས་བདེ་ཅན་དུ་བཟོས། དུས་མཉམ་དུ་གཟབ་ནན་སྒོས་ཞབས་ཞུའི་ས་ཁུལ་ལ་དོ་དམ་ནན་མོ་བྱས་ཤིང་། མུ་མཐུད་དུ་ལམ་གླ་བསྡུ་བའི་ས་ཚིགས་ལ་འགེབས་སྲུང་ནན་མོ་དང་ཞབས་ཞུའི་ས་ཁུལ་གྱི་འཕྲོད་བསྟེན་གཙང་དག་དང་རླངས་འཁོར་གོ་རིམ་ལྟར་ཕྱིར་གཏོང་བྱེད་པར་རྩ་འཛུགས་ནན་མོ་བྱས་པ། གསབ་སྦྱོང་དང་སློབ་སྦྱོང་ལ་ཤུགས་སྣོན་གྱིས་ཞབས་ཞུའི་སྤུས་ཚད་སྔར་ལས་མཐོར་འདེགས་སུ་བཏང་། ལམ་གླ་བསྡུ་ལེན་མི་སྣ་དག་གིས་བརྩེ་སེམས་འཐུས་ཚང་དང་དོན་དངོས་ཞབས་ཞུ། གསལ་འགྲེལ་ནན་ཏན། འགྲེལ་བཤད་ཡང་དག་པ་བཅས་ཀྱི་ཞབས་ཞུའི་འདུ་ཤེས་གཞིར་བཟུང་ནས་མུ་མཐུད་དུ་ལས་དོན་རྩལ་ནུས་ལག་བསྟར་དང་ཞབས་ཞུའི་སྤུས་ཚད་སྔར་ལས་མཐོར་འདེགས་སུ་བཏང་སྟེ་མཚོ་སྔོནཔ་གྱི་འགྲིམ་འགྲུལ་ཞབས་ཞུའི་སྤུས་ཚད་གསར་བཟོ་དང་དུས་ལྟར་གནས་ཚུལ་བསྡུ་རུབ་དང་སྤྱི་སྡོམ། རླངས་འཁོར་འཁོར་སྐྱོད་ཀྱི་གཞི་གྲངས་རྩིས་ལེན་བཅས་ཀྱིས་གཞི་གྲངས་ལ་འགན་སྲུང་ཁག་ཐེག་དང་ཡང་དག་པར་བྱས། འགྲིམ་འགྲུལ་ཞབས་ཞུ་དེ་དོན་དངོས་བྱ་བའི་སྟེང་ནས་འགོ་རྩོམ་པ་བཅས་ཀྱིས་འགལ་ཟླ་མེད་པར་གཏོང་བ་དང་གོ་བ་ལོག་འགྲེལ་གྱི་རྩ་དོན་ཐད་གཟབ་ནན་སྒོས་དམངས་ཕན་བྱ་བ་ལེགས་པོར་སྒྲུབ་པ་དང་མི་དམངས་མང་ཚོགས་ཀྱི་ཁེ་དབང་ལ་འགན་སྲུང་ཐུབ་པ་བཅས་ཀྱིས་རང་ཞིང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།