རང་ཞིང་གི་ལས་ཁུངས10ལ་རྒྱལ་ཡོངས་ཀྱི་ཞབས་ཞུ་ཟུང་ལྡན་གྱི་གཞི་རིམ་རིག་གནས་འཛུགས་བསྐྲུན་སྔོན་ཐོན་སྡེ་ཁག་གི་མཚན་སྙན་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་ཀྲུང་གོ་དྲིལ་སྒྲོག་པུའུ་ཡིས་པེ་ཅིན་གྲོང་ཁྱེར་དུ་སྐབས་བདུན་པའི་རྒྱལ་ཡོངས་ཞབས་ཞུ་ཞིང་བའི་ཞབས་ཞུ་གཞི་རིམ་གྱི་སྔོན་ཐོན་སྡེ་ཁག་ལ་གཟེངས་བསྟོད་བྱ་བའི་གྲོས་ཚོགས་བསྡུས་པ་དང་དེས་རྒྱལ་ཡོངས་ཀྱི་སྔོན་ཐོན་སྡེ་ཁག327ལ་གཟེངས་བསྟོད་བྱ་བའི་གྲོས་ཚོགས་བསྡུས། གྲོས་ཚོགས་དེའི་སྟེང་རང་ཞིང་གི་ཟི་ལིང་གྲོང་ཁྱེར་མཁར་དབུས་ས་ཁུལ་རིག་གནས་ཕོ་བྲང་དང་ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་རིག་གནས་ཕོ་བྲང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་མི་རིགས་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཚོགས་པ། མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་ཆིན་ཡོན་འཁྲབ་སྟོན་སྒྱུ་རྩལ་ཚད་ཡོད་ཀུང་ཟི། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་རྩྭ་ཐང་སྒྱུ་རྩལ་ཚོགས་པ། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་རིག་གནས་ཁྲོམ་རྭའི་སྣ་འཛོམས་ཁྲིམས་འཛིན་རུ་ཆེན། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཞིང་སྡེའི་གློག་བརྙན་རུ་ཁག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་གློག་བརྙན་བྱ་བའི་ས་ཚིགས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དར་མཚོ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ཤར་གྲོང་ཁྱེར་མཚོ་སྔོན་ཞིང་ཆེན་ཞིན་ཧྭ་འགྲེམས་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་དམར་གཙང་ཡན་ལག་ཀུང་ཟི་བཅས་ལ་གཟེངས་བསྟོད་ཐོབ་པ་རེད།

རྒྱལ་ཡོངས་ཀྱི་ཞིང་བའི་ཞབས་ཞུའི་གཞི་རིམ་སྔོན་ཐོན་སྡེ་ཚོགས་ལ་དཔྱད་འཇོག་བྱེད་པའི་བྱ་བ་ལེགས་པོ་སྒྲུབ་པར་སྐུལ་འདེད་བྱེད་ཆེད། རང་ཞིང་གིས་ཀྲུང་གོའི་དྲིལ་སྒྲོག་པུའུ་ཡི་ཡིག་ཆའི་དགོངས་དོན་གཞིར་བཟུང་ནས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་རྩ་འཛུགས་དང་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་ཁང་དང་དེ་མིན་གྲོང་ཁྱེར་དང་ས་ཁུལ་སོ་སོའི་ཏང་ཨུའི་དྲིལ་སྒྲོག་པུའུ་བཅས་ཀྱིས་ཉེ་བའི་ལོ་འདི་དག་གི་རིང་ལ་གཞི་རིམ་ཞིང་བར་ཞབས་ཞུ་སྒྲུབ་པའི་གཞི་རིམ་རིག་གནས་འཛུགས་བསྐྲུན་བྱ་བའི་ཁྲོད་གྲུབ་འབྲས་འབུར་དུ་ཐོན་པའི་རིག་གནས་ལས་ཁུངས་དག་དག་དཔྱད་འདེམས་དང་འོས་སྦྱོར་བྱས་པ་བརྒྱུད་འོས་སྦྱོར་སྙན་གསེང་དཔྱད་གཞིའི་ཡིག་ཆ་ལ་ནན་ཏན་གྱིས་ཞིབ་བཤེར་ཚད་ལེན་ནན་མོ་བྱས་པ་དང་གཟེངས་བསྟོད་བྱ་བ་དེ་དྲང་བདེན་དང་དྲང་བཞག་བཅས་ཡོང་བར་ཁག་ཐེག་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།