གསར་དུ་བསྐོ་བཞག་བྱས་པའི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ54་མཚོ་བྱང་ལ་སློབ་སྦྱོང་བྱེད་དུ་སོང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ཟླ1ཚེས24ཉིན་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རང་རེའི་གྲོང་ཁྱེར་གྱི་གསར་དུ་བསྐོ་བཞག་བྱས་པའི་རྫོང་རིམ་པ་དང་ཁྲུའུ་རིམ་པའི་ལས་བྱེད་གསར་བ54མཚོ་བྱང་ཁུལ་ནུབ་མཚོ་གྲོང་བརྡལ་དུ་མཚོ་སྔོན་ཞིང་ཆེན་གྱི་རྡུལ་ཕྲན་གྲོང་ཤུལ་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་ལ་ལྟ་སྐོར་དུ་ཁྲིད་པ་མ་ཟད། ཏང་གཤིས་སློབ་གསོ་དང་ལེན་བྱེད་པ་རྩ་འཛུགས་བྱས།

ལྟ་སྐོར་སློབ་སྦྱོང་ཁྲོད་ཏང་ཡོན་ལས་བྱེད་པ་དག་གིས་རྡུལ་ཕྲན་གྲོང་ཤུལ་གྱི་རྗེས་དྲན་ཁང་ལ་ནན་ཏན་གྱིས་ལྟ་སྐོར་བྱས་པ་མ་ཟད། རྟེན་གཞི་དེའི་ཡུལ་ལྗོངས་དཔེ་རིས་དང་ཡིག་ཆ་གལ་ཆེན། ལོ་རྒྱུས་ཀྱི་འདྲ་པར། རིག་དངོས་འགྲེམས་སྟོན་སོགས་ལ་གསལ་བོར་བལྟས་པ་མ་ཟད། སྣེ་ཤན་པའི་འགྲེལ་བཤད་ལ་ཡང་གསལ་བོར་ཉན་ནས་འདས་ཟིན་པའི་སྔོན་བྱོན་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ་དག་གི་དཔའ་ངར་བློ་སྟོབས་དང་མིག་རྒྱངས་རིང་བོའི་བློས་བཏང་གི་སྙིང་སྟོབས་ཉམས་སུ་མྱངས་ནས་གོམ་གང་མདུན་སྤོས་ཀྱིས221བཟོ་གྲྭས་དཀའ་སྡུག་གི་བརྒྱུད་རིམ་དང་དེ་མིན་རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ། ཆིང་མདེའུ་ལ་ཞིབ་འཇུག་ལེགས་འགྲུབ་བྱས་པའི་རླབས་ཆེ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་རེ་རེ་ལ་ཡང་རྒྱུས་ལོན་ཟབ་མོ་བྱས།

ལྟ་སྐོར་བྱ་འགུལ་མཇུག་རྫོགས་རྗེས་རྫོང་དང་ཁྲུའུ་རིམ་པའི་ཏང་ཡོན་ལས་བྱེད་པ་54ཡིས་ཡང་བསྐྱར་ཏང་ནང་དུ་ཞུགས་པའི་དམ་བཅའ་བཞག་པ་རེད། ཁོ་ཚོས་བྲང་ཁར་ཏང་རྟགས་བཏགས་པ་དང་ལག་པ་གཡས་པ་མཐོ་རུ་འདེགས་ནས་ཧ་ཅང་གཟབ་ནན་དང་བློ་སྤོབས་ཆེན་པོས་ངང་ང་རང་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས་པར་ཡིད་འཐད་ཡིན་་་་་་་དུས་ངེས་མེད་དུ་ཏང་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་ལ། དུས་ནམ་ཡང་ཏང་ལ་རྒྱབ་འགལ་མི་བྱེད། ངར་ལྕགས་རྣོ་རྡུང་ལྟ་བུའི་དམ་ཚིག་དེས་ཡུལ་དེར་ཡོད་པའི་ཏང་ཡོན་རེ་རེ་ལ་གཡོ་འགུལ་ཐེབས་སུ་བཅུག་པ་མ་ཟད། ཏང་ཞུགས་དམ་བཅའི་ཚིག་འབྲུ་རེ་རེ་ཡིས་ང་ཚོ་ཏང་གིས་ཏང་ཡོན་རྣམས་ལ་བཅངས་བའི་རེ་འདུན་ཡང་གསལ་བོར་ཤེས་ཐུབ་ལ། ཏང་ཡོན་དག་གིས་ཏང་རྩ་འཛུགས་དང་ཏང་གི་བྱ་གཞག་ཐད་ཀྱི་ཁས་ལེན་དང་ཆབ་སྲིད་ཀྱི་འགན་འཁྲི་ཡང་ཡིད་ལ་བརྟན་པོར་ངེས་སྲིད།

དེའི་འཕྲོར་ཏང་ཡོན་ལས་བྱེད་པ་དག་ཕུགས་བསམ་འདུ་ཤེས་སློབ་གསོའི་སློབ་ཁྲིད་ལ་ཞུགས་པ་དང་མདེའུ་གཉིས་ཀྱི་དགོངས་དོན་སྙན་ཞུའི་ཚོགས་འདུ་ལ་ཉན་པ་རེད། མདེའུ་གཉིས་ལ་བྱས་རྗེས་འཇོག་མཁན་དང་རྒྱ་ཆེའི་ཚན་རྩལ་མི་སྣ་དག་གིས་སྦྲ་གུར་ཕུབ་སྟེ་གསེར་དངུལ་རྩྭ་ཐང་དུ་མདེའུ་གཉིས་ཀྱི་ཞིབ་འཇུག་གསར་གཏོད་ཐད་ཀྱི་དཀའ་སྡུག་གི་ཧུར་བརྩོན་བྱེད་པའི་དགོངས་དོན་དང་དེ་མིན་ཚན་རྩལ་གྱིས་རྒྱལ་ཁབ་ལ་སྲི་ཞུ་སྒྲུབ་པའི་སྒེར་སེམས་དང་ཕངས་སེམས་མེད་པའི་རྒྱལ་གཅེས་སྙིང་སྟོབས་དེས་ཡུལ་དེའི་ཏང་ཡོན་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།