རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྟོབས་ཤུགས་ངན་པ་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ།

ཉེ་དུས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྟོབས་ཤུགས་ངན་པ་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ་རེད།  བརྡ་ཐོའི་ནང་རྒྱལ་ཡོངས་སུ་སྟོབས་ཤུགས་ངན་པ་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་དབྱང་གིས་ཇུས་ཐག་གལ་ཆེན་ཞིག་དང་། སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ལ་དོ་ཁུར་བྱེད་པ་ཞིག མི་སེམས་ཀྱིས་ཕྱོགས་ས་དང་གཞི་རིམ་གྱི་སྲིད་དབང་སྲ་བརྟན་དུ་གཏོང་བར་དོ་ཁུར་བྱེད་པ་ཞིག རླབས་ཆེའི་འཐབ་རྩོད་སྤེལ་བ་དང་རླབས་ཆེའི་ལས་གྲྭ་འཛུགས་པ། རླབས་ཆེའི་བྱ་གཞག་ལ་སྐུལ་འདེད། རླབས་ཆེའི་ཕུགས་འདུན་མངོན་འགྱུར་བཅས་ལ་དོ་ཁུར་བྱེད་པ་ཞིག་བཅས་ཡིན། ས་གནས་ཁག་དང་སྡེ་ཁག་ཁག་གིས་ཆབ་སྲིད་ཀྱི་ལང་ཕྱོགས་སྔར་བས་མཐོ་རུ་གཏོང་རྒྱུ་དང་འདུ་ཤེས་བཞིར་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ་དང་སྟོབས་ཤུགས་ངན་པ་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱས་ཐོག བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཐག་བཀོད་སྒྲིག་ཐོག་གཅིག་འགྱུར་བྱེད་རྒྱུ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་བློ་རྩེ་གཅིག་སྒྲིམ་གྱི་སྒྲིག་འཛུགས། ཕྲ་ཞིང་ཞིབ་པའི་སྒོ་ནས་ལག་བསྟར་བཅས་བྱས་ཏེ་སྟོབས་ཤུགས་ངན་པ་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགག་སྒྲོལ་ལས་ཀར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

བརྡ་ཐོའི་ནང་ད་ཐེངས་ཀྱི་སྟོབས་ཤུགས་ངན་པ་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་སྤྱིའི་བླང་བྱ་དང་དམིགས་འབེན་ལས་འགན་ཁ་གསལ་བཟོས་ཡོད། བརྡ་ཐོའི་ནང་སྟོབས་ཤུགས་ངན་པ་དང་འབྲེལ་བ་ཡོད་པའི་གནད་དོན་མངོན་གསལ་དོད་པའི་གཙོ་གནད་ས་ཁུལ་དང་གཙོ་གནད་ལས་རིགས། གཙོ་གནད་ཁྱབ་ཁོངས་བཅས་ཀྱི་ཐོག་ཏུ་གཅིག་བསྡུས་ཀྱིས་ཚར་གཅོད་ཀྱི་མདུང་རྩེ་དེ་ཐོག་མཐའ་བར་གསུམ་དུ་མང་ཚོགས་ནས་ལན་ཆ་ཆེན་པོ་བྱེད་པ་དང་སེམས་ཀྱི་གཏིང་ནས་འཁོན་འཛིན་ཆེན་པོ་བྱེད་པའི་རིགས་ཁག་གི་ངན་པའི་སྟོབས་ཤུགས་ཀྱིས་ཁྲིམས་འགལ་གྱི་བྱས་ཉེས་གསོག་པར་གཏད་དགོས། ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་དང་ཆུང་རིགས་ནས་གཙང་སེལ་བྱེད་རྒྱུ། ངན་རིགས་ཤུལ་མེད་བཟོ་རྒྱུ་བཅས་རྒྱུན་འཁྱོངས་ཀྱིས་སྔ་ཕྱི་བར་གསུམ་དུ་རིགས་ཁག་གི་སྟོབས་ཤུགས་ངན་པས་ཁྲིམས་འགལ་བྱས་ཉེས་གསོག་རིགས་ལ་མཐོ་སྣོན་དྲགས་སྣོན་བྱེད་རྒྱུ་རྒྱུན་སྐྱོང་དགོས། སྟོབས་ཤུགས་ངན་པ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། གཞི་རིམ་གྱི་སྦྲང་ནག་རྡུང་བ་བཅས་ཟུང་སྦྲེལ་བྱས་ནས་སྟོབས་ཤུགས་ངན་པར་སྲུང་སྐྱོབ་བྱེད་མཁན་གཙང་སེལ་དྭགས་སེལ་བྱེད་དགོས། སྟོབས་ཤུགས་ངན་པ་དང་འབྲེལ་བ་ཡོད་པའི་གནད་དོན་དང་ལྷག་དོན་དུ་མང་ཚོགས་ཀྱིས་ལན་ཆ་དྲགས་པོ་བྱེད་པའི་གྱོད་གཞི་ཆེ་གྲས་དང་གཙོ་གྲས་ལ་མཐའ་གཅིག་ཏུ་གཙང་སེལ་གྱི་རྣམ་པ་ཡོད་དགོས་ལ། སུ་དང་འབྲེལ་བ་ཡོད་རུང་ཚང་མ་མཐའ་གཅིག་ཏུ་གཙང་སེལ་བྱེད་རྒྱུ་དང་ལྷག་དོན་དུ་དེའི་རྒྱབ་ཏུ་ཡོད་པའི་སྲུང་སྐྱོབ་བྱེད་མཁན་གཙང་བཤེར་གྱིས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ་དང་ཁ་གསལ་དོན་གསལ་བྱེད་དགོས་ཞེས་བསྟན་ཡོད།