ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་བསྡོམས་རྩིས་ལྟར་ན2017ལོར་རང་ཞིང་ལ་བྱིས་པ་གཉིས་རེ་ཡོད་པའི་ཁྱིམ་ཚང6815ཡོད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།    བྱིས་པ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པའི་ལོ་གཉིས་ཚུན་ལ།  2017ལོའི་ལོ་མཇུག་བར་དུ་རང་ཞིང་ལ་གསར་སྐྱེས་མི་གྲངས་བསྡོམས་པས་ཁྲི11.34ཡོད། དེའི་ཁྲོད་བྱིས་པ13360ཐོ་འགོད་བྱས་ཡོད་ལ་བྱིས་པ་གཉིས་རེ་ཡོད་པའི་ཁྱིམ་ཚང6815ཡོད།   གསར་སྐྱེས་བྱིས་པ52237ཡོད་པས་བྱིས་པ་གཉིས་རེ་སྐྱེས་པའི་མི་གྲངས་ཀྱིས་སྤྱིའི་གསར་སྐྱེས་མི་གྲངས་ཀྱི6.12%ཟིན་ཡོད་ལ།  བྱིས་པ་གཉིས་རེ་སྐྱེས་པའི་མི་གྲངས་ཀྱི13.05%ཟིན་ཡོད།    གཞི་གྲངས་ལས་མངོན་པ་ལྟར་ན།   2017ལོར་བྱིས་པ་གཉིས་རེ་སྐྱེས་པའི་མི་གྲངས་དེ་ལོ་སྔོན་མའི་གསར་སྐྱེས་མི་གྲངས་ལས་མཐོ་བ་རེད།   ལོ30ནས39བར་གྱི་བུད་མེད་ལ་བྱིས་པ་གཉིས་རེ་སྐྱེས་ཚད་ཆེས་མང་བ་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། རང་ཞིང་གི་བྱིས་པ་གཉིས་རེ་སྐྱེས་པ་ཅུང་མང་བའི་ས་ཆ་ཟི་ལིང་དང་མཚོ་ཤར་མཚོ་ནུབ་སོགས་ཀྱི་ས་ཆ་རེད།   སྲིད་ཇུས་དང་མཐུན་པའི་མི་ཚོགས་གཙོ་བོ་མཁར་གྲོང་གི་རྒྱ་རིགས་ཁྱིམ་ཚང་ཡིན་ལ་གཙོ་བོ་ལོ་རབས70རྗེས་དང་ལོ་རབས80བར་ལ་སྐྱེས་པའི་མི་རེད། བུད་མེད་ཀྱི་ལོ་ལ་བལྟས་ན་ལོ20ནས་29བར་གྱི་བུད་མེད་ཀྱིས་འཆར་ལྡན་བུ་སྐྱེས་ལྟར་བྱིས་པ་གཉིས་རེ་སྐྱེས་ཚད་ཆེས་མཐོ་བ་རེད།   ལོ20ནས་29བར་གྱི་བུད་མེད་ཀྱི་བྱིས་པ་གཉིས་རེ་སྐྱེས་ཚད44.53%ཟིན་ཡོད་ལ།  ལོ30ནས་39བར་གྱི་བུད་མེད་ཀྱིས་བྱིས་པ་གཉིས་རེ་སྐྱེས་ཚད22.90%ཟིན་ཡོད་པ་དང་།  ལོ40ནས49བར་གྱི་བུད་མེད་ཀྱིས་བྱིས་པ་གཉིས་རེ་སྐྱེས་ཚད4.76%ཟིན་ཡོད།  2017ལོར་བྱིས་པ་གཉིས་རེ་སྐྱེས་པའི་དུས་ཚོད་ཟླ6པ་ནས9བའི་བར་ཡིན་ལ་གཞི་རྩའི་ཆ་ནས་བྱིས་པ་སྐྱེས་པའི་དུས་འཁོར་གྱི་བླང་བྱ་དང་མཐུན་པ་རེད།  

ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན།  རྗེས་ཕྱོགས་སུ་དུས་ཡུན་གསར་བའི་མི་གྲངས་དང་འཆར་ལྡན་བུ་སྐྱེས་བྱ་བ་ནན་ཏན་གྱིས་བསྒྲུབ་ཏེ།  གསར་སྐྱེས་མི་གྲངས་ཀྱི་ལྟ་སྐུལ་ཞིབ་བཤེར་སྔོན་རྩིས་བྱ་བ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས་ལ།   འཆར་ལྡན་བུ་སྐྱེས་སྲིད་ཇུས་དང་འབྲེལ་ཡོད་དཔལ་འབྱོར་སྤྱི་ཚོགས་སྲིད་ཇུས་དང་འབྲེལ་མཐུད་བྱེད་པ་ཇེ་དྲག་ཏུ་བཏང་སྟེ།ཞིང་ཆེན་ཡོངས་ཀྱི་མི་གྲངས་དུས་ཡུན་རིང་བོར་ཆ་སྙོམས་ཀྱིས་འཕེལ་རྒྱས་སུ་འགྲོ་ཐུབ་པར་སྐུལ་འདེད་བྱེད་དགོས་ཟེར།