གསེར་ཉ་ལྐོག་འཚོང་དང་ལྐོག་འཛིན་གྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེང་མནན་མོ་བཏང་སྟེ་ནུས་ཤུགས་ཡོད་རྒུའི་མཚོ་སྔོན་པོའི་ཉ་ལས་ཐོན་ཁུངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ།

མཚོ་སྔོན་པོའི་འགྲམ་དུ་གསེར་ཉ་འཛིན་པ་དང་། ལྐོག་འཚོང་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་བཀག་འགོག་ནུས་ལྡན་བྱ་ཆེད། གསེར་ཆེན་རྫོང་སྤྱི་བདེ་ཅུའུ་ཏང་ཨུད་ཀྱིས2018ལོའི་ཟླ1པའི་ཚེས29ཉིན་གྱི་དགོང་མོར་གསེར་ཉ་ལྐོག་འཛིན་དང་ལྐོག་འཚོང་ལ་འཕྲལ་སྒྲུབ་རྡུང་རྡེག་བྱས།

དོགས་ཡོད་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།
ཟླ1པོའི་ཚེས29ཉིན་གྱི་དུས་ཚོད14སྟེང་། སྔོན་ལ་རྟོག་དཔྱོད་གཏན་འཁེལ་བྱས་པའི་ས་ཁུལ་གཙོ་བོ་དག་གཞིར་བཟུང་ནས། རྫོང་སྤྱི་བདེ་ཅུའུ་ཡི་སུམ་ཐོག་གི་ཚོགས་འདུ་ཁང་ནས་གསེར་ཉ་ལྐོག་འཛིན་དང་ལྐོག་འཚོང་ལ་ཆེད་དོན་རྡུང་རྡེག་སྤེལ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ། ཞིབ་ཚགས་སྒོས་ཇུས་གཞི་གཏན་འཁེལ་བྱས་པ་མ་ཟད། མི་དམངས་ཉེན་རྟོག་པ114སྐོང་འཐེན་བྱས་ནས་མྱུལ་ཞིབ་རུ་ཁག་དང་། འཛིན་བཟུང་རུ་ཁག རླངས་འཁོར་ཞིབ་བཤེར་རུ་ཁག་སོགས་སུ་བགོས་ཏེ་ཅང་ཤེས་གྲོང་རྡལ་དང་། བཀོད་སྒྲིག་ཞིང་ར། སྤྲེལ་ནག་གྲོང་རྡལ། འགག་གི་ཆུ་མཛོད། རིག་སྨོན་གྲོང་རྡལ་གྱི་ཞིབ་བཤེར་ས་ཚུགས། ཆུ་ཆེན་ཟམ་པའི་ཞིབ་བཤེར་ས་ཚུགས་བཅས་སུ་མཚན་གང་པོར་སྡོད་སྲུང་དང་རླངས་འཁོར་བཀག་འགོག་བྱས། ནམ་གུང་ཆུ་ཚོད་གཉིས་ཀྱི་སྟེང་། ཡུལ་དངོས་ཀྱི་གནས་ཚུལ་རྒྱུས་ལོན་དང་ཁུངས་སྣེ་གཞིར་བཟུང་ནས་བཀོད་འདོམས་པུའུ་ཡིས་འཛིན་བཟུང་བྱ་རྒྱུའི་བཀའ་བརྡ་ཁྱབ་བསྒྲགས་བྱས་མ་ཐག  སྤྱི་བདེ་པུའུ་ཡི་ཉེན་རྟོག་པ100ལྷག་གཅིག་གྱུར་སྒོས་གོང་དུ་གཏན་འཁེལ་བྱས་པའི་ས་ཁུལ་གཙོ་བོ་ཁག་ལ་འཕྲལ་སྒྲུབ་གཙང་བཤེར་བྱས་ཏེ། ཁྱོན་བསྡོམས་མཚོ་སྔོན་པོའི་གསེར་ཉ700ལྷག་དང་། ཉ་རྒྱ150ལྷག་བསྡུ་ཉར་བྱས་པ་མ་ཟད། ཁྲིམས་འགལ་གྱིས་གསེར་ཉ་ཉོ་འཚོང་བྱེད་པ་སོགས་ཀྱི་མི་སྣ་འཛིན་བཟུང་བྱས་ཏེ།ས་གནས་དེ་གའི་ཉ་ལས་སྲིད་འཛིན་དོ་དམ་ཅུའུ་ལ་སྤྲད་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད། 


ལོ་ཙཱ་བ།རྟ་མགྲིན་དཔལ།